གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་སྲུང་སྐྱོང་གི་ཞིག་གསོ་ལས་གཞི་ཡོངས་སུ་མཇུག་སྒྲིལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-08


                       བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་རིག་དངོས་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོང་སྡེ་ཁག་སྐོར་དང་པོའི་ཡ་གྱལ་གཅིག་སྟེ། བོད་ལྗོངས་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ལ་ལོ་ངོ་གསུམ་ལྷག་གི་གཞི་རྒྱ་ཆེ་བའི་སྲུང་སྐྱོང་ཞིག་གསོ་ལས་གཞི་གཉེར་བ་བརྒྱུད། ཉེ་ཆར་ཡོངས་སུ་ལེགས་འགྲུབ་བྱུང་ཡོད་པ་མ་ཟད། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཞིབ་བཤེར་ཚོད་ལེན་ཆེད་མཁས་པའི་ཚོ་ཆུང་གིས་ཞིབ་བཤེར་ཚོད་ལེན་ཡོངས་སུ་མཇུག་སྒྲིལ།

                       དུས་རབས་10བའི་སྔ་རྗེས་སུ་བཞེངས་སྐྲུན་བྱས་པའི་གུ་གེ་རྒྱལ་རབས་ཀྱི་རྫོང་མཁར་གནའ་ཤུལ་ནི། བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་དུ་ཡོད།  

 

                   གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་སྲུང་སྐྱོང་ཞིག་གསོའི་ལས་གཞི་ནི། 2011ལོའི་སྤྱི་ཟླ་5བར་དངོས་སུ་གཉེར་འགོ་བརྩམས། བསྡོམས་པས་མ་དངུལ་སྒོར་ཁྲི་5744བཏང་ཡོད་ལ། དེ་ནི་ད་བར་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་དུ་གཉེར་བའི་གཞི་རྒྱ་ཆེས་ཆེ་བའི་སྲུང་སྐྱོང་ཞིག་གསོའི་ལས་གཞི་ཞིག་རེད།

                    ལྡེབས་རིས་ཞིག་གསོ་ནི་གུ་གེ་རྒྱལ་རབས་གནའ་ཤུལ་སྲུང་སྐྱོང་ལས་གཞི་ཁྲོད་ཀྱི་ཆེས་གལ་ཆེ་བའི་སྐོར་ཞིག་ཡིན། སྤྱི་ལོའི་དུས་རབས་15པའི་དུས་དཀྱིལ་དུ་བཞེངས་བའི་གུ་གེ་རྒྱལ་རབས་ཀྱི་ལྡེབས་རིས་ནི། ལོ་རྒྱུས་ཡུན་རིང་ཞིང་རང་བྱུང་གིས་ཤུགས་རྐྱེན་ཐེབས་པས། རྙིང་རུལ་སོགས་ཀྱི་གནད་དོན་མང་པོ་འདུག རྩ་མདའ་རྫོང་རིག་དངོས་ཅུས་ཀྱི་ཅུས་ཀྲང་བློ་བསྟན་གྱིས། ལྡེབས་རིས་ཞིག་གསོ་བྱེད་པའི་བརྒྱུད་རིམ་ཁྲོད་དུ། ཆེད་མཁས་པ་ཚོས་ཐོག་མའི་རྣམ་པ་སོར་འཇོག་བྱེད་པའི་རྩ་དོན་དམ་སྲུང་བྱས་ཤིང་། མིག་སྔའི་བར་དུ། བསྡོམས་པས་ལྡེབས་རིས་རྒྱ་ཁྱོན་སྨི་གྲུ་བཞི་མ་1270ལྷག་ཞིག་གསོ་བྱས་ཡོད་ལ། དེའི་ཁྲོད་དུ་སྒྲོལ་མ་ལྷ་ཁང་དང་དུས་འཁོར་ལྷ་ཁང་། འཇིགས་བྱེད་ལྷ་ཁང་སོགས་འདུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1