མཛོད་དགེའི་སྒྲོག་འགྲེལ་ཚོགས་པས་སྐོར་སྐྱོད་ཏང་གི་སློབ་གྲྭ་བཙུགས།

འོད་གསལ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-06



      ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་གིས་སྔར་ཡོད་ཀྱི་རྟ་ཐོག་སྒྲོག་འགྲེལ་རུ་ཁག་གི་རྨང་གཞིའི་ཐོག་ལས་དོན་བྱེད་ཐབས་གསར་གཏོད་བྱས། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ8དང་། འབྲོག་ཁུལ་གྱི་གྲོང་སྡེ58ནས་སྲིད་ཇུས་ལ་ཆ་རྒྱུས་ཡོད་པའི་བོད་རྒྱ་སྐད་གཉིས་ཀྱི་ཏང་ཡོན་ལས་བྱེད་པ478བདམས་ནས་འཕྲུལ་རྟའི་སྒྲོག་འགྲེག་ཚོགས་པ58བཙུགས་ནས། ཏང་གི་དམངས་ཕན་སྲིད་ཇུས་གཞི་རིམ་མང་ཚོགས་ལ་བརྒྱུད་སྒྲོག་བྱས།
      རྫོང་ཨུའི་ཏང་གི་སློབ་གྲྭས་བོད་རྒྱ་སྐད་གཉིས་ཀྱི་དགེ་རྒན23མངགས་ཏེ། ཞིབ་ཕྲའི་ངང་སློབ་སྦྱོང་དང་གསོ་སྦྱོང་། ཟུར་ཁྲིད་གཏན་འབེབས་བྱས་ནས།སྐད་གཉིས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་གྱི་ཟུར་ཁྲིད་ཀློག་དེབ18བཟོས།
      ཏང་འཛུགས་སྐྱོང་དང་དབུལ་སྐྱོར། ལྗོངས་སྐོར། ལྟ་སྐུལ་སོགས་ཕྱོགས7གྱི་ཐད་ནས་གཅིག་སྡུད་དང་ཁ་ཐོར་གྱི་རྣམ་པའི་གསོ་སྦྱོང་ཐེངས41སྤེལ་ནས། ཁྱོན་ཡོངས་ནས་སྒྲོག་འགྲེལ་ཚོགས་པའི་གྲུབ་མིའི་བྱང་ཚད་མཐོར་འདེགས་བཏང་། རྩ་འཛུགས་པུའུ་ཡིས་སྣེ་ཁྲིད་དང་ཏང་གི་སློབ་གྲྭས་གཉེར་བ། ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་ཨུས་སྒྲུབ་འགན་འཁུར་བ་དང་གྲོང་སྡེའི་ཀྲི་པུའུ་ཡིས་སྣེ་ཁྲིད་དང་། འཕྲུལ་རྟའི་སྒྲོག་འགྲེལ་ཚོགས་པས་ལག་བསྟར་བྱེད་པ་བཅས་ཀྱི་སྒྲོག་འགྲེལ་མ་ལག་བཙུགས། རྫོང་རིམ་ནོར་སྲིད་ཀྱི་མ་དངུལ་སྒོར་ཁྲི300བཏང་ནས། སྒྲོག་འགྲེལ་ཚོགས་པར་འཕྲུལ་རྟ་དང་དུས་དེབ་སོགས་ཉོས། མིག་སྔའི་བར་དུ། རྫོང་སྒྲོག་འགྲེལ་ལས་དོན་གྱི་ཁེབས་ཚད་བརྒྱ་ཆ97ལ་སླེབས་པ་དང་། ཏང་གི་སློབ་ཚན་སྒྲོག་འགྲེལ་ཐེངས212སྤེལ་ནས་སྒྲོག་འགྲེལ་གཞི་རིམ་དུ་སྐྱོད་ཐུབ་པ་བྱས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1