སི་ཁྲོན་བོད་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་སེམས་གཏམ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 03-06



        རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་ཚེས5ཉིན་གྱི་སྔ་དྲོར་པེ་ཅིང་དུ་འཚོགས་པ་དང་། དཀར་མཛེས་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཆེས་ལྕི་བའི་འགན་འཁྲི་ཕྲག་ཏུ་འཁུར་ནས་གཟབ་རྒྱས་ཀྱི་ཚོགས་འདུར་ཞུགས་ཤིང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་རྗེས་ཀྱི་ཚོར་སྣང་དང་མྱོང་ཚོར་ལྷུག་པོར་གླེང་བ་རེད།

རང་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་སེམས་གཏམ།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ།

        ཞའོ་ཡིའུ་ཚའེ་ཡིས་ཙུང་ལིའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བསྟན་དོན།“ཁྲོན་བོད་ལྕགས་ལམ་གྱི་འཆར་འགོད་འཛུགས་སྐྲུན”མགྱོགས་སུ་གཏོང་དགོས་ཞེས་པ་དེས་ང་ལ་སེམས་ཤུགས་དྲག་པོ་སྐྱེས་སོང་ཞེས་བཤད་པ་དང་།ཁོས་ཁྲོན་བོད་ལྕགས་ལམ་གྱི་ས་བབ་ཆགས་ཚུལ་ཧ་ཅང་རྙོག་འཛིང་ཆེ་བའི་དབང་གིས་ལག་རྩལ་གྱི་དཀའ་གནད་མང་པོ་དང་འཕྲད་སྲིད་པས་ལས་གཞིའི་འཛུགས་སྐྲུན་མྱུར་ཚད་དལ་བ་དང་།ཁྲོན་བོད་ལྕགས་ལམ་འཆར་འགོད་ཀྱི་དུས་ཚོད་ནི་ལོ8ནས10བར་ཡིན།དེས་དཀར་མཛེས་ཁུལ་གྱི་རྫོང(གྲོང་ཁྱེར)7བརྒྱུད་དགོས་ལ།དཀར་མཛེས་ཁུལ་གྱི་མངའ་ཁོངས་སུ་རིང་ཚད་སྤྱི་ལེ390ལ་ཟིན་ཡོད་པ་རེད། སྔོན་དཔག་བྱས་ན་འགྱུར་མེད་ཀྱི་མ་དངུལ་སྒོར་དུང་ཕྱུར700དང་།འགྲོས་བསྟུན་གྱི་མ་དངུལ་སྒོར་དུང་ཕྱུར1000གཏོང་འཇོག་བྱ་རྒྱུ་ཡིན་པ་རེད།ཁྲོན་བོད་ལྕགས་ལམ་བསྐྲུན་པ་དེས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐེབས་སྲིད་ཀྱི་རེད་ལ།ད་ཆར་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཚོད་འཛིན་བྱེད་པའི་འགག་རྩ་ཆེ་ཤོས་ནི་འགྲིམ་འགྲུལ་གྱི་གནད་དོན་ཡིན་པ་དང་།ཁྲོན་བོད་ལྕགས་ལམ་གྱི་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དེས་རང་རེའི་ཁུལ་གྱི་ལྕགས་ལམ་མེད་པའི་ལོ་རྒྱུས་ཀྱི་མཇུག་འགྲིལ་བ་དང་།ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཐད་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་སྲིད་ཀྱི་རེད་ཅེས་བཤད།

རང་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་སེམས་གཏམ།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་གི་འགོ་འཛིན། དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པ།

        རྒྱལ་བསྟན་བློ་བཟང་བྱམས་པས་ཏང་གི་ཚོགས་ཆེན་བཅུ་བརྒྱད་པ་འཚོགས་པ་ནས་བཟུང་། མི་རིགས་ས་ཁུལ་གྱི་ས་གནས་ཁག་གི་བྱ་གཞག་ལ་འཕེལ་རྒྱས་གཏོང་བའི་གོ་སྐབས་གསར་པ་ཞིག་དང་འཕྲད་ཡོད་པས་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་པའི་ཐོག་བསྐྱོད་དང་སྐྱོད་བཞིན་ཡོད་པ་རེད། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུ། ཁུལ་སྲིད་གཞུང་གིས་ཧུར་ཐག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་གི་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་གྲོས་ཚོགས་ཀྱི་སྙིང་དོན་དོན་འཁྱོལ་བྱས་ནས། བཅའ་ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང་། དགོན་པའི་གྲྭ་བཙུན་ལ་སེམས་ཁུར་དང་གཅེས་སྐྱོང་གང་ལེགས་གནང་ཞིང་། ཆོས་ལུགས་ཚོགས་པར་འགན་ནུས་འདོན་སྤེལ་བྱེད་པར་ཁྲིད་སྟོན་བྱེད་པ་དང་ཆོས་ལུགས་ལས་རིགས་ཀྱི་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱི་ཆབ་སྲིད་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ཧུར་ཐག་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཕྲོད་མཐུན་ཡོང་བར་ཁྲིད་སྟོན་བྱས་ནས་རྒྱལ་ཁབ་ལ་ཕན་པ་དང་ཆོས་ལུགས་ལ་ཕན་པ། ཚང་མས་ཁས་ལེན་པའི་རྣམ་པ་ཡག་མོ་ཞིག་འཛུགས་སྐྱོང་བྱས་ཡོད་པ་རེད་ཅེས་བཤད།

རང་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་འཐུས་མིའི་སེམས་གཏམ།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གཉའ་རྒྱལ་མཚན།

        གཉའ་རྒྱལ་མཚན་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་འཛུགས་སྐྲུན།རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བཅས་མང་པོ་གླེང་ཡོད་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་རིགས་ས་ཁུལ་ལ་གཟིགས་སྐྱོང་དང་ཐུགས་ཁུར་ཆེན་པོ་གནང་ཡོད་པར་མྱོང་ཚོར་ཟབ་མོ་ཐེབས་སོང་ཞེས་བཤད།


རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲེན་ཅན་ཡིང་།

        ཀྲེན་ཅན་ཡིང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དབུལ་ཐར་འགག་སྒྲོལ་ལས་ཀར་དེ་བས་སྐུལ་འདེད་ཤུགས་ཆེན་གཏང་རྒྱུ་ཡིན་ཞིང་། དབུལ་ཞྭ་ཕུད་པའི་རྫོང་དེ་དག་ལ་ད་རུང་མུ་མཐུད་དུ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་མཉམ་བསྐྱོད་བྱེད་པར་ང་ཚོར་ཡིད་ཆེས་ཆེན་པོ་ཡོད་ཅེས་བཤད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1