“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་དྲན་གསོ་ཞུ་བ་དང་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-08



     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་6ཉིན། པེ་ཅིང་དུ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་དྲན་གསོ་ཞུ་བ་དང་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་སུན་ཁྲུན་ལན་གྱིས་གསུང་བཤད་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྲེན་གཡོད་གཡོད་ཀྱིས་གཙོ་སྐྱོང་གནང་བ་རེད།
     སུན་ཁྲུན་ལན་གྱིས་རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བུད་མེད་ཀྱི་བྱ་གཞག་དང་བུད་མེད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་རྒྱ་ཆེའི་བུད་མེད་ཚོར་བྱམས་བརྩེའི་ཐུགས་ཁུར་གནང་གི་ཡོད་ཅེས་གསུངས་ཤིང་། ཁོང་གིས་རྒྱ་ཆེའི་བུད་མེད་ཚོས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཇོན་ཐང་ཆེན་པོ་ཆགས་པ་བྱེད་པ། སྲོལ་རྒྱུན་གྱི་སྤྱོད་ལམ་དར་སྤེལ་གཏོང་བ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་རྒྱང་སྐྱོད་ཁྲོད་དུ“གནམ་ཕྱེད་ཀ་འདེགས་པའི”ནུས་པ་འདོན་པ། བུད་མེད་ཀྱི་བྱས་རྗེས་གསར་པ་སླར་ཡང་གཏོད་པ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་ཐུགས་རེ་གནང་བ་རེད།
     ཧྲེན་གཡོད་གཡོད་ཀྱིས་རྒྱ་ཆེའི་བུད་མེད་ཚོས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་དཔེ་མཚོན་སློབ་སྦྱོང་དང་སྔོན་ཐོན་བརྩོན་ལེན་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ། དུས་རབས་གསར་པར་བྱས་རྗེས་འཇོག་པ། རྒྱལ་ཁབ་ལ་བཅངས་པའི་བརྩེ་བ་དར་སྤེལ་གཏོང་བ་བཅས་བྱས་ཏེ་འབད་འཐབ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་ཆེད་བུད་མེད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ཐུགས་རེ་གནང་བ་རེད།
     རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཧོང་ཞའོ་ཝེ་ཡིས་གཟེངས་བསྟོད་ཀྱི་གཏན་འབེབས་སྒྲོག་སྦྱངས་བྱས་པ་རེད། ཚོགས་ཆེན་ཐོག་རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་དཔེ་དམག་10དང་། རྒྱལ་ཡོངས་གསུམ་བརྒྱད་དར་དམར་བ་300 རྒྱལ་ཡོངས་གསུམ་བརྒྱད་དར་དམར་གྱི་མཉམ་སྡེབ་200 རྒྱལ་ཡོངས་བུད་མེད་ཀྱི་ཤེས་དཔལ་ལས་གནས་1986 རྒྱལ་ཡོངས་བུད་མེད་ཀྱི་བྱས་རྗེས་འཇོག་མཁན་དཔེ་དམག་1000 རྒྱལ་ཡོངས་བུད་མེད་ཀྱི་བྱས་རྗེས་འཇོག་མཁན་སྔོན་ཐོན་མཉམ་སྡེབ་490བཅས་ལ་གཟེངས་བསྟོད་བྱས་པ་རེད། གཟེངས་བསྟོད་ཐོབ་པའི་འཐུས་མི་ཝང་ཁེ་རུང་དང་། ཡུས་ལེ། མ་ཅོན། ཀྲང་ཧེ་བཅས་ཀྱིས་གཏམ་བཤད་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1