ཞི་ཅིན་ཕེན་ཧྥུ་ཅན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 03-12


ཟླ3པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཧྥུ་ཅན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

ཟླ3པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཧྥུ་ཅན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས10ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཧྥུ་ཅན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། 
        ཚོགས་ཐོག་ཏུ། ལའེ་ཅིན་ཡུས། ཀྲང་ལིན་ཧྲོན། ལན་ཕེན་ཡོང་། ཁང་ཐའོ། ཁྲིན་གོ་དབྱིན། ཕན་ཡོས། ཏིན་ཧྲི་ཀྲོང་། ཀྲང་ལེན་ཧྲིན་སོགས་འཐུས་མི8ཀྱིས་སྔ་གཞུག་ཏུ་དབུལ་ཐར་འགག་སྒྲོལ་དང་། མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན། ཐག་རིང་རྒྱ་མཚོའི་ཉ་ལས་འཕེལ་རྒྱས། འགྲམ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་དུ་སྤེལ་བ།“གྲངས་ཀའི་ཀྲུང་གོ”འཛུགས་སྐྲུན། ཕྱི་ཕྱོགས་སུ་སྒོ་འབྱེད་པ་རྒྱ་བསྐྱེད་པ། གསར་གཏོད་བྱ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། བཅིངས་འགྲོལ་ས་ཁུལ་རྙིང་པ་དང་སུའུ་ཝེ་ཨེད་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་གནད་དོན་ཐད་ནས་རང་རང་གི་བསམ་ཚུལ་བཏོན།
        འཐུས་མི་ཞིག་གིས་གསར་གཏོད་དང་འགྱུར་ལྡོག་གིས་མི་རིགས་ཀྱི་ཚོང་རྟགས་སྐྲུན་དགོས་པའི་སྐོར་གླེང་སྐབས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཁྱོད་ཀྱིས2001ལོ་ནས་ལས་དོན་འདི་སྒྲུབ་ཅིང་། ད་ལྟ་ད་དུང་རྒྱུན་སྐྱོང་བཞིན་ཡོད་པ་མ་ཟད་གཞི་རྒྱ་ཇེ་ཆེ་རེད། ཁེ་ལས་སམ་ལས་རིགས་གང་ཞིག་སྒྲུབ་ཀྱང་ཡོང་འབབ་རྐྱང་རྐྱང་འཚོལ་བ་ཞིག་མ་ཡིན་ཏེ། དངོས་གནས་དྲང་གནས་དང་རིག་པ་རྩེ་གཅིག་ཏུ་སྒྲིམ་ནས་བྱ་བ་དེ་སྒྲུབ་རྒྱུ་ནི་འགན་འཁྲི་ཡིན་ཟེར། ཞི་ཅིན་ཕེན་གྱིས་མཇུག་མཐའི་གསུངས་བཤད་ཁྲོད་ཧྥུ་ཅན་གྱི་ལས་དོན་ལ་ཁས་ལེན་བྱས་པ་མ་ཟད། རེ་བར་ཧྥུ་ཅན་གྱི་བློ་མཐུན་ཚོས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། བརྟན་འཇགས་ཁྲོད་འཕེལ་རྒྱས་བརྩོན་པའི་སྤྱིའི་བླང་བྱ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་མཐའ་འཁྱོངས་བྱས་ཏེ། ཡོང་འབབ་བརྟན་འཇགས་དང་བསྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་གཟིགས་སྐྱོང་། ཉེན་ཁ་འགོག་པ། བརྟན་འཇགས་ཁག་ཐེག་བྱེད་པའི་ལས་དོན་བཅས་ལ་གཅིག་གྱུར་གྱིས་འཆར་འགོད་གང་ལེགས་བྱས་ཏེ། ཧུར་ཐག་གིས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་རྒྱུ་དང་། སྔར་ལས་ལྷག་པའི་གྲུབ་འབྲས་ལེན་པར་འབད་བརྩོན་བྱས་ནས། འགྲམ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནས་མིག་དཔེ་སྟོན་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ཕུ་ཐག་ལེན་པར་རྨང་གཞི་བརྟན་པོ་འདིང་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1