གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

སྒྲོལ་མ་ཚེ་བརྟན་གྱིས་བསྡུ་སྒྲིག་བྱས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༣ཚེས་༡༣ཉིན།

༄༅།། ཤུལ་འཛིན་བྱེད་དབང་ཤོར་བའི་རྒྱུ་མཚན་ཅི་ཡིན་ནམ།


སྒྲོལ་མ་ཚེ་བརྟན་གྱིས་བསྡུ་སྒྲིག་བྱས།
        ཁྲིམས་བཀོད་ཤུལ་འཛིན་པའམ་ཁ་ཆེམས་ལྟར་ཤུལ་འཛིན་མཁན་དམིགས་བསལ་གྱི་གནས་ཚུལ་འོག་ཤུལ་འཛིན་བྱེད་དབང་ཤོར་སྲིད། 《 ཤུལ་འཛིན་བཅའ་ཁྲིམས།》ཀྱི་དོན་ཚན་7པའི་ནང་གཏན་འབེབས་བྱས་དོན། ཤུལ་འཛིན་པར་གཤམ་གྱི་བྱ་སྤྱོད་དག་ལས་གཅིག་ཡོད་ཚེ་ཤུལ་འཛིན་བྱེད་དབང་ཤོར་བ་ཡིན། (གཅིག)ཤེས་བཞིན་དུ་ཤུལ་བཞག་ནོར་བདག་བསད་པ་དང་། (གཉིས།)ཤུལ་བཞག་རྒྱུ་དངོས་འཕྲོག་ལེན་བྱ་ཆེད་ཤུལ་འཛིན་པ་གཞན་པ་བསད་པ།(གསུམ།)ཤུལ་བཞག་ནོར་བདག་བསྐྱུར་བའམ་དེ་ལ་སྡུག་གཅོད་བཏང་བའི་གནས་ཚུལ་ཚབས་ཆེན་ཡོད་པ། (བཞི།)ཁ་ཆེམས་རྫུན་བཟོ་དང་ཟོལ་བཅོས་བྱས་པའམ་ཁ་ཆེམས་མེད་པར་བཟོས་པའི་གནས་ཚུལ་ཚབས་ཆེན་ཡོད་པ་བཅས་ཡིན།
        《 ཆེས་མཐོའི་མི་དམངས་ཁྲིམས་ཁང་གི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤུལ་འཛིན་བཅའ་ཁྲིམས་>ཀྱི་འབྲེལ་ཡོད་གནད་དོན་ལག་བསྟར་མཐའ་འཁྱོངས་བྱེད་པའི་སྐོར་གྱི་བསམ་འཆར་འགའ་ཤས》ཀྱི་དོན་ཚན་9པ་ནས་དོན་ཚན་14བར་དུ་གཏན་འབེབས་བྱས་དོན། ཤུལ་བཞག་རྒྱུ་དངོས་ཤུལ་འཛིན་བྱེད་པའི་ཁྲོད་དུ། ཤུལ་འཛིན་པའི་བར་ཤུལ་འཛིན་བྱེད་དབང་ཤོར་ཡོད་མེད་ལ་རྩོད་གླེང་བྱུང་ནས། མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་ཞུས་རིགས། མི་དམངས་ཁྲིམས་ཁང་གིས་ཤུལ་འཛིན་བཅའ་ཁྲིམས་ཀྱི་དོན་ཚད་7པའི་གཏན་འབེབས་གཞིར་བཟུང་ནས། ཤུལ་འཛིན་བྱེད་དབང་ཤོར་ཡོད་མེད་ལ་དཔྱད་མཚམས་གཅོད་རྒྱུ་དང་། ཤུལ་འཛིན་པས་ཤུལ་བཞག་ནོར་བདག་ལ་སྡུག་གཅོད་བྱས་ཚུལ་ཚབས་ཆེན་ཡིན་མིན་དེ་སྡུག་གཅོད་བྱ་སྤྱོད་སྤེལ་བའི་དུས་ཚོད་དང་། བྱེད་ཐབས། མཇུག་འབྲས་སམ། ཡང་ན་སྤྱི་ཚོགས་ཀྱི་ཤུགས་རྐྱེན་སོགས་ཀྱི་ཐད་ནས་ངོས་འཛིན་བྱས་ཆོག ཤུལ་བཞག་ནོར་བདག་ལ་སྡུག་གཅོད་ཚབས་ཆེན་བྱས་པ་ཡིན་ན། ཉེས་དོན་འགན་འཁུར་བདའ་འདེད་བྱེད་མིན་ལ་མི་ལྟ་བར་ཤུལ་འཛིན་བྱེད་དབང་ཤོར་བར་ངོས་འཛིན་བྱས་ཆོག ཤུལ་འཛིན་པས་བསམ་བཞིན་དུ་ཤུལ་འཛིན་ཤུལ་བཞག་ནོར་བདག་གསོད་པའི་བྱ་སྤྱོད་སྤེལ་ཚེ། ཉེས་དམིགས་ལེགས་གྲུབ་བྱུང་དང་མི་བྱུང་གང་ཡིན་རུང་ཤུལ་འཛིན་བྱེད་དབང་ཤོར་བར་ངོས་འཛིན་བྱས་ཆོག ཤུལ་འཛིན་པར་ཤུལ་འཛིན་བཅའ་ཁྲིམས་ཀྱི་དོན་ཚད་7པའི་ནང་གསེས་དོན་ཚད་(དང་པོ) དང་། ཡང་ན(གཉིས་པའི་)ནང་གཏན་འབེབས་བྱས་པའི་བྱ་སྤྱོད་ལས་གང་རུང་ཞིག་ཡོད་ཚེ། ཤུལ་བཞག་ནོར་བདག་གིས་ཁ་ཆེམས་ཀྱི་རྣམ་པའི་ཐོག་ནས་ཤུལ་དངོས་རྒྱུན་འཛིན་བྱེད་མཁན་དེ་ཤུལ་འཛིན་པར་གཏན་འཁེལ་བྱས་ཡོད་ཀྱང་། ཁ་ཆེམས་དེར་ཕན་ནུས་མེད་པར་བཟོ་བ་དང་སྦྲགས་ཤུལ་འཛིན་བཅའ་ཁྲིམས་ཀྱི་དོན་ཚན་7པའི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ། ཤུལ་འཛིན་པས་ཤུལ་བཞག་ནོར་བདག་ལ་སྡུག་གཅོད་བཏང་རིགས་ཚབས་ཆེན་ཡིན་པ་དང་། ཡང་ན་ཤུལ་བཞག་ནོར་བདག་གི་གསོ་འགན་མི་འཁུར་བའི་རིགས། རྗེས་ཕྱོགས་ནས་སྔ་འགྱོད་ཕྱི་འདོམས་ཀྱི་སྣང་ཚུལ་ཡོད་པ་དང་། དེ་མ་ཟད་སྡུག་གཅོད་མྱོང་མཁན་དང་གསོ་འགན་འཁུར་མཁན་མེད་པའི་ཤུལ་བཞག་ནོར་བདག་གིས་འཚོ་བཞུགས་སྐབས་སུ་གུ་ཡངས་སུ་བཏང་ཡོད་ན། ཤུལ་འཛིན་བྱེད་དབང་ཤོར་བར་ངོས་འཛིན་མི་བྱེད། ཤུལ་འཛིན་པས་ཁ་ཆེམས་རྫུན་བཟོ་དང་ཟོལ་བཅོས་བྱས་པའམ་ཡང་ན་ཁ་ཆེམས་མེད་པར་བཟོས་ནས་ངལ་རྩོལ་བྱེད་ནུས་མེད་ལ་འཚོ་རྟེན་ཡོང་ཁུངས་ཀྱང་མེད་པའི་ཤུལ་འཛིན་པའི་ཁེ་དབང་ལ་གནོད་འཚེ་བཏང་པ་མ་ཟད། ད་དུང་དེའི་འཚོ་བ་ཇེ་སྡུག་ཏུ་བཏང་ཡོད་ན། དེའི་བྱ་སྤྱོད་བྱས་ཉེས་ཚབས་ཆེན་ཡིན་པ་ངོས་འཛིན་བྱ་དགོས། །  

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1