༄༅།། སྐྱེས་པ་ཚོ་རྐང་པ་གཅིག་ཐོག་གཅིག་ལ་བརྩེགས་ནས་བསྡད་ན་བདེ་ཐང་ལ་གནོད་པ་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 03-20


        སྐྱེས་པ་མང་པོ་ཞིག་རྒྱུན་པར་རྐང་པ་གཅིག་ཐོག་གཅིག་ལ་བརྩེགས་ནས་སྡོད་པར་གོམས་ཡོད། དོན་དངོས་སྟེང་བཤད་ན། རྐང་པ་གཅིག་ཐོག་གཅིག་ལ་བརྩེགས་ནས་འདུག་པ་ནི་སྐྱེས་པ་ཚོའི་བདེ་ཐང་ལ་གནོད་པའི་གོམས་གཤིས་ངན་པ་ཞིག་ཡིན།
        གལ་ཏེ་དུས་ཡུན་རིང་བོར་རྐང་པ་གཅིག་ཐོག་གཅིག་ལ་བརྩེགས་ནས་བསྡད་ན། རྐང་པའི་ཁྲག་གི་འཁོར་རྒྱུག་རྒྱུན་ལྡན་མིན་པ་དང་། ཁྲག་རྒྱུན་འགག་ནས་རྐང་པ་སྦྲིད་པའི་སྣང་བ་ཐོན་གྱིན་ཡོད། ཕོ་མཚན་གྱི་གནས་ལ་རླུང་མི་རྒྱུ་བར་བཞའ་ཚན་སོགས་ཀྱི་སྣང་ཚུལ་ཐོན་ནས་མདུན་ཆགས་རྨེན་བུའི་བདེ་ཐང་ལ་གནོད་པ་ཐེབས་པ་རེད། དེ་ལས་གཞན་རྐང་པ་གཅིག་ཐོག་གཅིག་ལ་བརྩེགས་ནས་སྡོད་ཡུན་རིང་ན། ལྒང་རིལ་བཙིར་གནོན་བྱས་ནས་ཁུ་བ་རྒྱུན་ལྡན་ལྟར་འཚར་ལོངས་འབྱུང་མི་ཐུབ་པར་མ་ཟད། སྐྱེས་པའི་བཙའ་སྐྱེའི་བྱེད་ནུས་ལ་གནོད་པ་ཐེབས་ཀྱིན་ཡོད། །

《བདེ་ཐང་གཅེས་བཏུས་ཚགས་པར》ལྟར་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1