ཚོགས་ཆེན་གཉིས་སུ་ཁུལ་དཔོན་དབྱང་ཁེ་ཉིང་གིས་འདི་འདྲ་གསུངས་འདུག

རྡོ་རྗེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-13



          ཉིན་འདི་ཚོར། རྒྱལ་ས་པེ་ཅིང་དུ་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཚོགས་བཞིན་པའི་སྒང་ཡིན་ལ། རྒྱལ་ཡོངས་དམངས་འཐུས་ཀྱི་འཐུས་མི། རྔ་བ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་སུ་ཕེབས་ཡོད། སྐབས་དེར། མི་དམངས་ཉིན་རེའི་ཚགས་པར་དང་འོད་གསལ་ཉིན་རེའི་ཚགས་པར། ཞང་ཀང་གི་ཚོང་ལས་ཚགས་པར། ཀྲུང་གོའི་ཁེ་ལས་ཚགས་པར་སོགས་འཕྲིན་སྦྱོར་མང་པོས་དབུལ་བྲལ་གནད་སྒྲོལ་དང་སྐྱེ་ཁམས་འཛུགས་སྐྱོང་། འགྲིམ་འགྲུལ་འཕེལ་རྒྱས། གཟི་རྩ་སྡེ་དགུ་བསྐྱར་སྐྲུན་སོགས་ཀྱི་ཐད་ནས་ཁུལ་དཔོན་དབྱང་ཁེ་ཉིང་ལ་བཅར་འདྲི་བྱས་འདུག ཁོང་གིས་ལན་ཇི་འདྲ་ཞིག་བཏབ་ཡོད་དམ། ཁྱེད་ཀྱིས་གཤམ་གྱི་ནང་དོན་ལ་གཟིགས་དང་། གང་དག་ནི་ཁྱེད་ཀྱི་སེམས་ཁུར་བྱེད་ས་ཡིན་ནམ།
མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པའི་བཅར་འདྲིའི་ལན་དུ།
          ཟླ3པའི་ཚེས10ཉིན། མི་དམངས་ཉིན་རེའི་ཚགས་པར་གྱི་པར་ངོས་དང་པོའི་རྩོམ་དང་པོའི་ཁ་བྱང་ལ《དབུལ་བྲལ་གནད་སྒྲོལ་གྱི་གཡུལ་འཐབ་ཡིད་ཆེས་བརྟན་པོས་བརྒྱབ་ནས་རྒྱལ་ཁ་ལེན(ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་འོག་འཐུས་མི་དང་ཨུ་ཡོན་གྱིས་རྒྱལ་དོན་གླེང་བ)》ཞེས་པ་བཀོད་འདུག དབྱང་ཁེ་ཉིང་ལ་དབུལ་བྲལ་གནད་སྒྲོལ་སྐོར་བཅར་འདྲི་བྱེད་སྐབས། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཁ་ཡོངས་སུ་མ་ཐོབ་བར་གཏན་ནས་མཚམས་མ་འཇོག་ཅེས་བླང་བྱ་བཏོན་ཡོད་པས། ང་ཚོས་ཁོང་གི་བླང་བྱ་ཇི་མ་ཇི་བཞིན་གནད་ལ་སྨིན་པར་བྱ་དགོས། ན་ནིང་། རྔ་བ་ཁུལ་ནས་དབུལ་སྡེ208དབུལ་ཕོངས་ལས་ཐར་བ་དང་། ད་ལོར་དབུལ་ཁྱིམ1247དང་དབུལ་སྡེ33དབུལ་ཕོངས་ལས་ཐར་དུ་འཇུག་རྩིས་ཡོད།   དབུལ་ཞྭ་ཕུད་ཀྱང་འཕྲལ་མར་མཚམས་མི་འཇོག་པ་དང་ངལ་ཡང་མི་གསོ་བ། དབུལ་ཞྭ་ཕུད་ཀྱང་སྲིད་ཇུས་ལག་བསྟར་མཚམས་མི་འཇོག་པ། དབུལ་ཞྭ་ཕུད་ཀྱང་རོགས་སྐྱོར་མཚམས་མི་འཇོག་པ། དབུལ་ཞྭ་ཕུད་ཀྱང་ལྟ་སྐུལ་མཚམས་མི་འཇོག་ཅེས་གསུངས་བ་དང་། དབུལ་བྲལ་གནད་སྒྲོལ་གྱི་ཡུན་ཕན་ལམ་ལུགས་བཟོས་ཏེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཆེན་པོ་དེ་རྗེས་མཐུད་ལས་ཀར་འབུལ་བ་དང་། སྲིད་གཞུང་དང་ཚོང་ར། སྤྱི་ཚོགས་བཅས་ཕན་ཚུན་སྐུལ་རེས་དང་། ལས་རིགས་དབུལ་སྐྱོར་དང་ཆེད་ཚན་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་བཅས་མཉམ་སྤེལ་མངོན་འགྱུར་བྱས་ཏེ། དབུལ་ཕོངས་ལས་ཐར་མ་ཐག་པའི་ས་ཁུལ་ལ་སྟོབས་ཤུགས་གསར་བ་སྩོལ་བ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས་སུ་འཇུག་པ། དབུལ་བྲལ་གྲུབ་འབྲས་མང་ཚོགས་ཀྱིས་ཁས་ལེན་པར་མ་ཟད། ལོ་རྒྱུས་ཀྱི་ཉམས་ལེན་ཐུབ་པར་བྱ་དགོས་པའི་གྲོས་གཞི་བཏོན།

འོད་གསལ་ཉིན་རེའི་ཚགས་པར་གྱི་གསར་འགོད་པའི་བཅར་འདྲིའི་ལན་དུ།
          ཟླ3པའི་ཚེས8ཉིན། འོད་གསལ་ཉིན་རེའི་ཚགས་པར་གྱིས《སྟོབས་ཤུགས་ཕུལ་ནས་འགྲིམ་འགྲུལ་འགག་ཟྭ་གཏོར——རྒྱལ་ཡོངས་དམངས་འཐུས་ཀྱི་འཐུས་མི། རྔ་བ་ཁུལ་གྱི་ཁུལ་དཔོན་དབྱང་ཁེ་ཉིང་ལ་བཅར་འདྲི་བྱས་པ》ཞེས་པ་བཀོད་དེ། འགྲིམ་འགྲུལ་རྣམ་གྲངས་སོ་སོ་འཛུགས་སྐྲུན་ལ་སྐུལ་འདེད་དང་། འགྲིམ་འགྲུལ་འཕེལ་རྒྱས་ཀྱི་འགག་ཟྭ་གང་ནུས་ཀྱིས་གཏོར་བའི་ཐད་ཀྱི་བཅར་འདྲི་དང་ལེན་མཛད་པ་མ་ཟད་གྲོས་གཞི་ཡང་བཏོན་འདུག
         དབྱང་ཁེ་ཉིང་གིས་རྔ་བ་ཁུལ་གྱི་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་ཁྲི1.35ཡོད་མོད། འོན་ཀྱང་ཁུལ་ཁོངས་ལས་འགྲོ་བའི་མྱུར་བགྲོད་གཞུང་ལམ་ནི་ཏུའུ་ཝུན་མྱུར་བགྲོད་གཞུང་ལམ་གཅིག་པུ་ལས་མེད། རིང་ཚད་ལ་སྤྱི་ལེ82ཡོད། གཟི་རྩ་སྡེ་དགུ་ནས་མེན་དབྱང་བར་གྱི་མྱུར་བགྲོད་གཞུང་ལམ་དང་ཝུན་ཁྲོན་ནས་འབར་ཁམས་བར་གྱི་ མྱུར་བགྲོད་གཞུང་ལམ་སྐྲུན་བཞིན་པའི་སྒང་ཡིན། མྱུར་བགྲོད་གཞུང་ལམ ་གྱི་དྲ་རྒྱ་གཙོ་བོ་ཆགས་མེད་པས་འགྲིམ་འགྲུལ་གྱི་ཆ་རྐྱེན་ཞན་པ་འབུར་དུ་ཐོན་ཡོད། ལྕགས་ལམ་ལ་སྐྲུན་བཞིན་པའི་ཁྲེང་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ་གཅིག་པུ་ལས་མེད། མཁའ་ལམ་སྐྱེལ་འདྲེན་ལ་དུས་ཚིགས་ཀྱི་རང་བཞིན་ཆེ་བར་མ་ཟད། གཟི་གསེར་གནམ་གྲུ་ཐང་དང་ཧུང་ཡོན་གནམ་གྲུ་ཐང་ནི་ཁུལ་སྲིད་གཞུང་གནས་ས་འབར་ཁམས་གྲོང་ཁྱེར་དང་ཐག་ཅུང་རིང་བས་ཞབས་ཞུའི་ནུས་པ་བཟང་བོ་ཐོན་མི་ཐུབ་ཅེས་ངོ་སྤྲོད་གནང་བར་མ་ཟད།  རྔ་བ་ཁུལ་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ཆེན་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཆེན་པོ་བྱེད་པ། ཞིང་གྲོང་གཞུང་ལམ་བདག་སྐྱོང་ལ་རྒྱབ་སྐྱོར་བྱེད་པ། དབུལ་ཕོངས་ས་ཆ་རྔ་ཁུལ་གྱི་འགྲིམ་འགྲུལ་འགག་ཟྭ་གཏོར་ནས་དབུལ་བྲལ་གནད་སྒྲོལ་ལ་རོགས་འདེགས་བྱེད་པ་བཅས་ཀྱི་གྲོས་གཞི་བཏོན།

ཀྲུང་གོ་ཁེ་ལས་ཚགས་པར་གྱི་གསར་འགོད་པའི་བཅར་འདྲིའི་ལན་དུ།
          3པའི་ཚེས8ཉིན། ཀྲུང་གོ་ཁེ་ལས་ཚགས་པར་གྱིས་ཁ་བྱང་ལ་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་ལམ་ལུགས་ཇེ་མགྱོགས་སུ་འཐུས་ཚང་དུ་གཏོང་བ་ཞེས་པ་བཀོད་དེ། གསར་འགོད་པས་དབྱང་ཁེ་ཉིང་ལ་བཅར་འདྲི་བྱེད་དུས། 2019ལོར་ང་ཚོས་སི་ཁྲོན་ནུབ་བྱང་གི་རྔ་ཁུལ་གྱི་སྐྱེ་ཁམས་དཔེ་སྟོན་གླིང་ཀུན་ནས་འཛུགས་སྐྲུན་བྱས་ཏེ། ལོ་གཅིག་གི་སྔོན་ལ་དབུལ་ཕོངས་ལས་འབྲལ་དུ་འཇུག་རྒྱུ་ཡིན་ཞེས་གསུངས།  ཁོང་གིས་རྨོ་བསྐྱུར་སྡོང་འཛུགས་ཀྱི་གསབ་དངུལ་སྟེར་ཡུན་ཇེ་རིང་དུ་གཏོང་བ་དང་། གསབ་དངུལ་ཚད་གཞི་ཇེ་མཐོར་གཏོང་བ་དང་གཅིག  འབྲི་ཆུ་དང་རྨ་ཆུ་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་གསབ་དངུལ་ལམ་ལུགས་གང་མགྱོགས་སྒོས་འཐུས་ཚང་དུ་གཏོང་བ་དང་གཉིས།  རྨིན་ཅང་དང་རྒྱལ་མོ་རྔུལ་ཆུའི་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་རོགས་སྐྱོར་ཆེན་པོ་བྱེད་པ་དང་གསུམ། རྔ་བ་ཁུལ་གྱི་འགྲིམ་འགྲུལ་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་ལ་རོགས་སྐྱོར་ཆེན་པོ་བྱེད་པ་དང་བཞི་བཅས་ཀྱི་གྲོས་གཞི་བཏོན།

ཞང་ཀང་ཚོང་ལས་ཚགས་པར་གྱི་གསར་འགོད་པའི་བཅར་འདྲིའི་ལན་དུ།
          ཟླ3པའི་ཚེས9ཉིན། ཞང་ཀང་ཚོང་ལས་ཚགས་པར་གྱིས་ཁ་བྱང་ལ《རྒྱན་ཆ་སླར་ཡང་སྤྲས་པའི་གཟི་རྩ་སྡེ་དགུ་སྔར་ལས་མཛེས་ཤིང་སྡུག》ཅེས་པ་བཀོད་དེ། རྒྱལ་ཁབ་ཕྱི་ནང་གི་ལྗོངས་སྐོར་བ་རྣམས་ཀྱིས་སེམས་ཁུར་བྱེད་པའི་གཟི་རྩ་སྡེ་དགུ་ཡི་སྒོ་འབྱེད་ཉིན་སོགས་ཀྱི་ཐད་ལ། དབྱང་ཁེ་ཉིང་གིས་བདེ་འཇགས་སྔོན་འགྲོ་བྱས་ཏེ། གཟི་རྩ་སྡེ་དགུས་མི་རིང་བ་ན་མཛེས་པའི་རྣམ་པ་གསར་བ་ཀུན་གྱི་མིག་ལམ་དུ་བསྟར་སྲིད་ཅེས་གསུངས།
         རྔ་བ་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་དང་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་དམངས་ཕན་བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབས་ཏེ། སི་ཁྲོན་ནུབ་བྱང་གི་རྔ་ཁུལ་གྱི་སྐྱེ་ཁམས་དཔེ་སྟོན་གླིང་ཇེ་མགྱོགས་སུ་བསྐྲུན་པ་དང་། འབྲི་ཆུ་དང་རྨ་ཆུ་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྔོ་ཁེབས་ལ་བྱས་རྗེས་ཆེན་པོ་འཇོག་རྒྱུ་ཡིན་ཞེས་གསུངས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1