གནས་རི-བོད་ཀྱི་མཛེས་རྩལ་རིག་གནས་ཞེས་པར་ལེན་འགྲན་བསྡུར་སྐབས་གཉིས་པའི་ཕུལ་བྱུང་བརྩམས་ཆོས་ལྷ་སར་འགྲེམས་སྟོན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་འཕྲིན་དྲ། སྤེལ་དུས། 03-15


        ཉེ་ཆར།  གནས་རི-བོད་ཀྱི་མཛེས་རྩལ་རིག་གནས་ཞེས་བརྗོད་དོན་གཙོ་བོར་བྱས་པའི་པར་ལེན་འགྲན་བསྡུར་སྐབས་གཉིས་པ་ལྷ་སའི་ཚེ་རིང་མཆེད་ལྔའི་གངས་རིའི་བཤམ་སྟོན་ཁང་དུ་གཉེར་བ་དང་དུས་མཚུངས་ད་ཐེངས་པར་ལེན་འགྲན་བསྡུར་གྱི་པར་རིས་འགྲེམས་སྟོན་ཡང་དངོས་སུ་འགོ་ཚུགས་པ་རེད།  ཐེངས་འདིའི་འགྲན་བསྡུར་ཐོག་བསྡོམས་པས་ཕུལ་བྱུང་བརྩམས་ཆོས29འགྲེམས་སྟོན་བྱས་ཡོད།  འགྲེམས་སྟོན་དེ་སྤྱི་ཟླ4པའི་ཚེས8ཉིན་བར་རྒྱུན་མཐུད་རྒྱུ་རེད། 

        ཤེས་རྟོགས་བྱུང་བར་གཞིགས་ན།  ད་ཐེངས་ཀྱི་འགྲན་བསྡུར་ཁྲོད་བོད་ལྗོངས་དང་མཚོ་སྔོན།  ཟི་ཁྲོན་སོགས་ནས་ཡོང་བའི་འགྲན་ཞུགས་པ90ཡི་བརྩམས་ཆོས100ལྷག་འབྱོར་ཡོད།  འདེམས་སྒྲུག་ཞིབ་ནན་བྱས་པ་བརྒྱུད།  འགྲན་ཞུགས་བརྩམས་ཆོས་དེ་དག་ནང་ནས་ཨང་རིམ་དང་པོ་དང་གཉིས་པ།  གསུམ་པ།  ཕུལ་བྱུང་བཅས་ཀྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་ཁག་བཞི་དང་ད་དུང་དྲ་རྒྱའི་ཐོག་དགའ་ཤོས་བྱེད་པའི་བརྩམས་ཆོས་གཅིག་བཅས་ཁྱོན་མི་ལྔར་བྱ་དགའ་ཐོབ་ཡོད་ལ།  བརྩམས་ཆོས་དེ་དག་སྤྱི་ཟླ་བཞི་པ་དང་ལྔ་པའི་ནང་ཁག་སོ་སོར་གྲེན་ཏུ་དང་ནེའུ་གཡོག་སོགས་སུ་ཡང་འགྲེམས་སྟོན་བྱེད་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1