གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

མགོན་པོ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༣ཚེས་༡༥ཉིན།

དཔྱིད་རྨོའི་ཞིང་སྤྱོད་རྒྱུ་ཆ་མཁོ་སྤྲོད་ལ་འགན་སྲུང་བྱས།

        མིག་སྔར་རང་ཁུལ་གྱིས་དཔྱིད་རྨོ་ཐོན་སྐྱེད་ལ་འགན་སྲུང་བྱ་རྒྱུ་དེ་ཞིང་གསུམ་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ན། ཞིང་འབྲོག་མང་ཚོགས་དང་ཞིང་ལས་གཉེར་སྐྱོང་གི་ཁྱིམ་ཚང་སོགས་ལ་ཞིང་སྤྱོད་དངོས་རྫས་མཁོ་འདོན་བྱས་ནས། ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཐོན་ཁུངས་འབེལ་པོ་ཡོང་བར་འགན་ལེན་བྱེད་པ་དང་། འདོན་སྤྲོད་དང་དགོས་མཁོ་དོ་མཉམ་ཡོང་བར་འགན་ལེན་བྱས།  ཟླ་2པའི་ཟླ་མཇུག་བར་དུ་རང་ཁུལ་གྱི་ཚོང་འདོན་ཁང་དུ་རྫས་འགྱུར་ལུད་ཏུན་8578གསོག་འཇོག་དང་མཁོ་འདོན་བྱེད་བཞིན་ཡོད་ཅིང་། སྐྱེ་དངོས་ཀྱི་སྐྱེ་ལྡན་ལུད་རྫས་ཏུན་1200གྲབས་གསོག་མཁོ་སྤྲོད་བྱས་ཡོད། ཞིང་སྤྱོད་སྤོས་འགྱིག་ཏུན་220དང་རྫས་འགྱུར་ཞིང་སྨན་ཏུན་26དང་། ཞིང་སྤྱོད་ལག་ཆ་25000ལྷག་གསོག་འཇོག་དང་ལེགས་སྒྲིག་བྱས་ཡོད་།
        གཞེས་ནིང་ལོར། ཁུལ་ཚོང་འདོན་ཁང་གིས་ཁུལ་ཡོངས་ཀྱི་ཞིང་ལས་རྒྱུ་ཆ་གྲབས་གསོག་བྱེད་པའི་བཀོད་སྒྲིག་བྱས། རིམ་པ་ཁག་གི་མཉམ་འབྲེལ་ཁང་གི་ཀྲུའུ་རེན་གྱིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་དང་། ཁུལ་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཀུང་སི་དང་ཞིང་ཆེན་ནང་ཁུལ་གྱི་སི་ཁྲོན་མེ་ཧྥེང་སོགས་ཐོན་སྐྱེད་བྱེད་པའི་ཁེ་ལས་བར་མཁོ་འདོན་བྱེད་པའི་གན་རྒྱ་བཞག་ནས། ཚོང་ཟོག་གི་ཡོང་ཁུངས་ལ་འགན་ལེན་བྱེད་པ་དོན་འཁྱོལ་བྱས། དེ་དང་དུས་མཚུངས་སུ་ཁུལ་ཡོངས་ཀྱི་ཚོང་འདོན་ཁང་གིས་ཞིང་སྤྱོད་དངོས་རྫས་ཀྱི་སྤུས་ཀའི་ཐད་ཀྱི་ཁས་ལེན་ལམ་ལུགས་ལག་བསྟར་དང་། རིན་གོང་ཡོངས་བསྒྲགས་བྱེད་པའི་ལམ་ལུགས་དང་ཕྱིར་འཚོང་རྩིས་ཐོའི་ལམ་ལུགས་སོགས་ལག་ལེན་བྱས་ནས། ཞིང་འབྲོག་མང་ཚོགས་ཀྱིས་སེམས་བདེ་བློ་བདེའི་ངང་ཞིང་སྨན་དང་ལུད་རྫས་བེད་སྤྱོད་ཆོག་པར་འགན་སྲུང་བྱས།
        རྒྱུས་ལོན་བྱུང་བ་ལྟར་ན།  ཀྲོའུ་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཀུང་སི་དང་ཕེ་ཏུའུ་ཁུལ་ཞིང་སྤྱོད་དངོས་རྫས་ཀུང་སི་གཉིས་ཀྱིས་མཉམ་ལས་བྱས་ནས།  ཨན་ཏི་གྲོང་རྡལ་དུ་ཁུལ་་རིམ་པའི་ཞིང་སྤྱོད་དངོས་རྫས་གྲབས་གསོག་ཚོང་ཟོག་སྒྲིག་སྐྱེལ་ལྟེ་གནས་བཙུགས་ཏེ།  ཁུལ་ནང་ཁུལ་གྱི་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་གཉེར་སྐྱོང་བྱེད་པ་དང་། ཁེ་ལས་ཀྱིས་གཅིག་བསྡུས་སྒོས་ཉོ་སྒྲུབ་བྱེད་བདེ་བ། དེ་མིན་སྐྱེལ་འདྲེན་སྟབས་བདེར་བཟོས་ཡོད་པ་རེད།  དེ་དང་དུས་མཚུངས་སུ་རང་ཁུལ་གྱིས་ཐའེ་ཨའོ་ཞིང་ལས་ཚན་རྩལ་ཀུང་སི་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། སོ་སོར་བཙན་ལྷ་རྫོང་དང་མའོ་རྫོང་།  གཟི་ཚྭ་སྡེ་དགུ་རྫོང་སོགས་སུ་ཞིང་ལས་རྒྱུ་ཆའི་ལས་གཉེར་མི་སྣར་ཞིང་ལས་ལག་རྩལ་གྱི་ཆེད་ལས་གསོ་སྦྱོང་བྱས་པ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1