གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༣ཚེས་༡༨ཉིན།

ཨ་འབྲུ་ནས་ནག་དར་མདོའི་ཞིང་པ་ཕྱུག་འགྱུར་བྱེད་ཡས་ཀྱི་ནོར་བུར་གྱུར།

        ཉེ་དུས། གསར་འགོད་པས་ཁུལ་དབུལ་ཐར་འགག་སྒྲོལ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་དོན། དར་མདོ་གྲོང་ཁྱེར་ཨང་དང་པོ་ཆང་ལས་ཚད་ཡོད་སྤྱི་གཉེར་ཁང་གིས་ནས་རིགས་གཅིག་གྱུར་དང་། ལག་རྩལ་གཅིག་གྱུར། བསྡུ་ལེན་གཅིག་གྱུར་བཅས་ཀྱི་བྱེད་ཐབས་སྤྱད་པའི་དུས་མཚུངས་སུ། སྒོར་ཁྲི1000ལྷག་ཙམ་བཏང་སྟེ་རྒྱ་མ་གང་རེར་ཁྲོམ་རའི་རིན་གོང་ལས་བརྒྱ་ཆ50མཐོ་བའི་སྤུས་ལེགས་ནས་ནག་རྒྱ་མ་ཁྲི320བསྡུ་ཉོ་བྱས་པ་རེད། དར་མདོ་གྲོང་ཁྱེར་རྒྱུ་ལའི་ནུབ་རྒྱུད་ཡུག་ཤོག་གི་སྲིད་འཛིན་གྲོང་སྡེ71ལ་སྐུལ་ཁྲིད་བྱས་ཤིང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ950ལ་རོགས་སྐྱོར་བྱས་ཏེ། ས་གནས་དེ་གའི་དུད་ཚང་དབུལ་པོ་རེའི་ཆ་སྙོམས་ཡོང་འབབ་སྒོར3000འཕར་ཡོད་པ་རེད།
        ཤེས་རྟོགས་བྱུང་བ་ལྟར་ན། དར་མདོ་གྲོང་ཁྱེར་གྱི་ཨང་དང་པོ་ཆང་ལས་ཚད་ཡོད་སྤྱི་གཉེར་ཁང་ནི་རང་རེའི་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་དང་གྲོང་ཡུལ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ཆེད་དུ་གསོ་སྐྱོང་བྱས་པའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་ཁེ་ལས་ཡིན་པ་རེད། སྤྱི་གཉེར་ཁང་གིས་སྲིད་གཞུང་གིས་བསྐྲུན་པའི་ལས་སྟེགས་ལ་བརྟེན་ནས་མི་སེར་ལ་ཕན་པའི་ཚོང་གཉེར་འདུ་ཤེས་བཅངས་པ་དང་། ཁེ་ལས་དང་རྟེན་གཞི། ཏང་ཀྲི་པུའུ། རིག་གནས། དུད་ཚང་། མཉམ་སྦྲེལ་དྲྭ་རྒྱ་བཅས་དང་ཟུང་འབྲེལ་བྱེད་པའི་སྤྱི་གཉེར་ཁང་འཁོར་རྒྱུག་བྱེད་སྟངས་བརྒྱུད་དེ། ལས་གཞི་ཅན་ལག་བསྟར་དང་ཁྲོམ་ར་ཅན་གཉེར་སྐྱོང་བྱེད་སྟངས་ཀྱིས་སྲོལ་རྒྱུན་ནས་ནག་གི་ངེས་གཏན་ལ་འགྱུར་ལྡོག་བཏང་ཞིང་། དེའི་ཐོན་རྫས་བསྒྱུར་བའི་ཐོན་སྐྱེད་ཟུར་སྣོན་རིན་ཐང་ཆེ་རུ་བཏང་སྟེ། རང་ངོས་ནུས་པ་རྒྱུན་མཐུད་ཆེ་རུ་བཏང་ཡོད། སྤྱི་གཉེར་ཁང་གིས་རྒྱལ་ནང་གི་ཨ་རག་དཀར་པོའི་ཆང་བསྙལ་བཟོ་རྩལ་རྩེ་གྲས་བཀོལ་སྤྱོད་བྱས་ནས། བོད་རིགས་ས་ཁུལ་གྱི་ནས་ནག་གི་ཐོན་རྫས་རྣམ་པ་གཅིག་རྐྱང་དང་། ཐོན་རྫས་རིན་ཐང་དམའ་བ། ངོ་བོ་གཅིག་མཚུངས་ཀྱི་གནས་ཚུལ་ཚབས་ཆེན་ཡིན་པ་བཅས་ཐོན་ལས་ཅན་ཕྱིར་གཏོང་གི་གནད་དོན་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་བའི་དམིགས་ཡུལ་ནི་རྒྱལ་ཡོངས་ལ་སྐད་གྲགས་ཡོད་པའི་ནས་ཆང་གི་ཁེ་ལས་བསྐྲུན་པ་དང་། བོད་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཟོང་རྟགས་གྲགས་ཅན་འཛུགས་སྐྱོང་བྱས་པ་དང་རིག་གནས་དྲིལ་བསྒྲགས་བྱས་ནས་དཀར་མཛེས་ཁུལ་གྱི་ཟོང་རྟགས་ཇེ་ཡག་འཛུགས་སྐྱོང་བྱས་ཏེ་དར་མདོའི་མཚོན་བྱང་གྲགས་སུ་བཅུག་པའི་དུས་མཚུངས་སུ། མི་དམངས་ཀྱིས་ལས་ཞུགས་ཡུན་རིང་བྱེད་ཆོག་པ་དང་། ཡོང་འབབ་རྒྱུན་མཐུད་འཕར་སྣོན་ཡོང་ཞིང་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་པའི་ཆེད་དུ་རེད།
        སྤྱི་གཉེར་ཁང་གིས་ནས་ནག་འཕེལ་རྒྱས་བཏང་བ་ནས་བཟུང་། རྟེན་གཞི་དང་། ལས་མི་གདམ་རྒྱུ། ཐོན་རྫས་ཕྱིར་ཚོང་བཅས་ཀྱི་ཕྱོགས་སུ་འབད་བརྩོན་བྱས་པ་རེད། གཅིག་ནི་མུའུ་ཁྲི་ཅན་གྱི་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་། མཐའ་འཁོར་གྱི་ཞིང་པའི་ཡོང་འབབ་འཕར་ནས་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཤིང་། སྤྱི་གཉེར་ཁང་གིས་དར་མདོ་གྲོང་ཁྱེར་གྱི་རྒྱུ་ལའི་ནུབ་རྒྱུད་ས་ཁུལ་གྱི་འགག་པ་ཤང་དང་ར་རྔ་ཁ་གྲོང་རྡལ་སོགས་ཤང་དང་གྲོང་རྡལ་དྲུག་ལ་མཉམ་འབྲེལ་བྱས་ནས་མུའུ་ཁྲི་ཅན་གྱི་ནས་ནག་འདེབས་འཛུགས་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱས་པར་མ་ཟད། སྲིད་གཞུང་དང་ཉོ་སྒྲུབ་བྱེད་སྟངས་ཀྱི་གྲོས་མཐུན་ཡི་གེ་བཞག་པ་རེད། མིག་སྔའི་བར། ནས་ནག་རྒྱ་མ་ཁྲི120ལྷག་ཉོ་སྒྲུབ་བྱས་ཡོད། དུད་ཚང་དབུལ་པོ་དྲུག་བརྒྱ་ལྷག་ལ་སྐུལ་ཁྲིད་བྱས་ཤིང་། དུད་ཚང་དབུལ་པོ་ཁྱིམ་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར2000ལྷག་འཕར་སྣོན་བྱེད་ཐུབ་ཡོད་པ་རེད། གཉིས་ནི་ཐད་ཀར་ལས་མིའི་གནད་དོན་ཐག་གཅོད་བྱས་ཏེ་ལས་སྒུག་གཞོན་ནུ་དབུལ་ཕོངས་ལ་རོགས་སྐྱོར་བྱས་ནས། དཀར་མཛེས་ཁུལ་དུ་རྐང་ཚུགས་པ་དང་ཞབས་ཞུ་བྱེད་པར་དམིགས་ནས་སྤྱི་གཉེར་ཁང་གི་ལས་མི་བརྒྱ་ཆ90ཡན་ཁུལ་ཡོངས་ཀྱི་ལས་སྒུག་དབུལ་པོའི་མང་ཚོགས་ཀྱི་ཁྲོད་ནས་གདམ་གསེས་བྱས་ཡོད་པ་རེད། ཁུལ་ངལ་རྩོལ་ལས་ཞུགས་ཀྱི་འབྲེལ་ཡོད་ཆོད་དོན་དང་ལམ་ལུགས་ལག་བསྟར་ནན་པོ་བྱས་ཤིང་། སྤྱི་གཉེར་ཁང་སྟོབས་ལྡན་བྱས་པའི་དུས་མཚུངས་སུ། ཁུལ་ཡོངས་ཀྱི་དབུལ་ཕོངས་ལས་སྒུག་གཞོན་ནུའི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་རེད། གསུམ་ནི་ཐོན་སྐྱེད་དང་ཉོ་ཚོང་གི་གཞི་ཁྱོན་རྒྱ་སྐྱེད་གཏོང་བ་དང་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱས་པ་རེད།། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1