རྔ་བ་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་སླེ་གྲུག་ལུས་རྩལ་འགྲན་ཚོགས་དེ་འབར་ཁམས་ནས་འཚོག་འགོ་བརྩམས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-11


 

            སྤྱི་ཟླ་10པའི་ཚེས་10ཉིན།  ཉིན་ལྔའི་རིང་གི་2014ལོའི་རྔ་བ་ཁུལ་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོའི་ཞིང་འབྲོག་མང་ཚོགས་ཀྱི་སླེ་གྲུག་ལུས་རྩལ་འགྲན་ཚོགས་དེ་འབར་ཁམས་ནས་འཚོགས། ཐེངས་འདིའི་འགྲན་ཚོགས་ལ་རྫོང་ཁག་13ཀྱི་ཞིང་འབྲོག་ཁུལ་གྱི་སླེ་གྲུག་ལུས་རྩལ་པ་156འགྲན་ཞུགས་བྱས་ཡོད་ལ། འདི་ནི་རྔ་བ་ཁུལ་གྱིས་སྤེལ་བའི་ཞིང་འབྲོག་པའི་སླེ་གྲུག་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་དེ་ཡིན་འདུག

 

             2014ལོའི་ཞིང་འབྲོག་མང་ཚོགས་དང་ལས་བཟོ་བའི་སླེ་གྲུག་ལུས་རྩལ་འགྲན་ཚོགས་འདིས། རྔ་བ་ཁུལ་ཡོངས་ཀྱི་མང་ཚོགས་ཀྱི་ལས་ཞོར་ལུས་རྩལ་དང་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་རང་འགུལ་གྱི་ནུས་པ་ཇེ་མཐོར་བཏང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1