ད་ལོར་སློབ་གྲྭའི་ཟ་ཁང་དུ“ཕྱི་གསལ་ནང་གསལ་གྱི་ཐབ་ཚང”ཁྱབ་གདལ་གཏོང་ཚད་70%བར་མཐོ་རུ་གཏང་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-20



     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་གཞུང་དོན་ཁང་གིས་ཉིན་ཤས་གོང་རྒྱལ་ཡོངས་ཀྱི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་2019ལོར་ལེགས་གྲུབ་བྱེད་དགོས་པའི“ལས་འགན་ལྕི་པོ”གསུམ་ཁ་གསལ་བཏོན་པ་སྟེ། ལོ་ཧྲིལ་པོར་སློབ་གྲྭའི་ནང་བཟའ་བཅའི་དུག་ཕོག་པའི་དོན་རྐྱེན་ཁྲི་ཆ་གཉིས་ནང་ཚུན་དུ་ཚོད་འཛིན་བྱེད་དགོས་པ་དང་འབྲེལ་2018ལོ་ལས་དམའ་རུ་གཏོང་གང་ཐུབ་བྱེད་དགོས་པ་དང་། སློབ་གྲྭའི་ཟ་ཁང་དུ“ཕྱི་གསལ་ནང་གསལ་གྱི་ཐབ་ཚང”ཁྱབ་གདལ་གཏོང་ཚད་70%བར་མཐོ་རུ་བཏང་ནས་མང་ཚོགས་ལ་ག་དུས་ཡིན་རུང་ལྟ་སྐུལ་ཡག་པོ་བྱེད་དུ་འཇུག་དགོས་པ། ཟླ་4ཚེས་15ཉིན་གོང་ས་ཁུལ་ཁག་གི་བཟའ་བཅའ་བདེ་འཇགས་གཞུང་དོན་ཁང་སོགས་སྡེ་ཚན་གྱིས་སློབ་གྲྭའི་ཟ་ཁང་དང་ཉེ་འགྲམ་གྱི་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱེད་པ་དང་། གྲལ་བཤེར་བྱས་ཚུལ་ལ་ས་ཁུལ་ཁག་གི་བཟའ་བཅའ་བདེ་འཇགས་གཞུང་དོན་ཁང་གི་འགན་ཁུར་བས་མིང་རྟགས་འགོད་ནས་གོང་ཞུ་བྱེད་དགོས་པ་བཅས་ཡིན་པ་རེད།
     ཚོགས་འདུའི་ཐོག་ད་དུང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་3·15མཚན་ཚོགས་ཐོག་བསྟན་པའི“སུར་པན་ལེབ་མོ”ཐོན་སྐྱེད་དང་གཉེར་སྐྱོང་གནད་དོན་བཅོས་སྒྲིག་གི་ལས་དོན་བཀོད་སྒྲིག་བྱས་ནས། འབྲེལ་ཡོད་ས་ཁུལ་ཁག་ལ་དེ་མ་ཉིད་དུ་འབྲེལ་ཡོད་ཁེ་ལས་ལ་བརྟག་དཔྱད་བྱེད་པ་དང་། སློབ་གྲྭའི་ཉེ་འཁོར་གྱི་ཚོང་ཁང་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1