སི་ཁྲོན་ཞིང་ཆེན་གྱི་ཆེས་ཐོག་མའི་ཞིང་བའི་སྒྱུ་རྩལ་དུས་ཆེན་ཏཱ་ཀྲོའུ་ནས་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-11


              སྤྱི་ཟླ་10པའི་ཚེས་10ཉིན། སྐབས་བཞི་པའི་རྒྱལ་ཡོངས་ཞིང་སྡེ་གསར་པའི་རིག་གནས་སྒྱུ་རྩལ་འགྲེམ་སྟོན་དང་སི་ཁྲོན་ཞིང་ཆེན་གྱི་ཆེས་ཐོག་མའི་ཞིང་པའི་སྒྱུ་རྩལ་དུས་ཆེན་ནམ་དམངས་ཁྲོད་སྒྱུ་རྩལ་དུས་ཆེན་ཏཱ་ཀྲོའུ་ནས་འགོ་བརྩམས། སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་21གི་ཆེད་ལས་ཚོགས་པ་དང་། དམངས་ཁྲོད་སྒྱུ་རྩལ་ཚོགས་པ། དེ་བཞིན་རྒྱལ་ནང་དང་ཕྱི་རྒྱལ་གྱི་སྒྱུ་རྩལ་ཚོགས་པ་སོགས་ཀྱི་ཚོགས་མི་4000ལྷག་དུས་ཆེན་ནང་མཉམ་ཞུགས་བྱས་ཡོད།

             སི་ཁྲོན་ཞིང་ཆེན་གྱི་ཆེས་ཐོག་མའི་ཞིང་པའི་སྒྱུ་རྩལ་དུས་ཆེན་ནི་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་ཏང་ཨུའི་ཞིང་སྡེའི་ལས་སྒྲུབ་ཨུ་ལྷན། ཞིང་ཆེན་རིག་གནས་ཐིང་བཅས་ཀྱིས་གཙོ་སྒྲུབ་གནང་བ་དང་། དུས་ཆེན་འདི་བརྒྱུད་ནས་སི་ཁྲོན་ཞིང་ཆེན་གྱི་དམངས་ཁྲོད་ཀྱི་ཕུལ་བྱུང་རིག་གནས་འཛུགས་སྐྲུན་གྲུབ་འབྲས་དང་། རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་འཚོ་བ་གསར་བའི་རྣམ་པ་མངོན་ཐུབ་པར་བྱ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1