ཁྲིམས་སྐྱོང་སྒྲོག་འགྲེལ་སློབ་གྲྭར་བསྐྱོད།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-21



      གཞོན་ནུ་ལོ་ཆུང་ལ་ཁྲིམས་ལུགས་སྒྲོག་འགྲེལ་བྱེད་པའི་སློབ་གསོའི་ལས་ཀར་ཤུགས་སྣོན་དང་། ཁོ་ཚོའི་ཁྲིམས་ལུགས་སྦྱོང་བ་དང་ཁྲིམས་ལུགས་ཤེས་པ། ཁྲིམས་སྲུང་བ་བཅས་ཀྱི་འདུ་ཤེས་གསོ་སྐྱོང་བྱེད་ཆེད་དང་། གཞན་དུ་གཞོན་ནུ་ལོ་ཆུང་གི་རང་སྲུང་ནུས་པ་ཇེ་མཐོར་གཏོང་བ་དང་ཁྲིམས་འགལ་ལོག་ལམ་དུ་འགྲོ་བར་སྔོན་འགོག་བྱ་ཆེད།  ཟླ3པའི་ཚེས18ཉིན། མཛོད་དགེ་རྫོང་གི་ཁྲིམས་འཛིན་ཅུས་ཀྱིས་སློབ་གྲྭའི་ཉིན་གུང་གི་ངལ་གསོའི་དུས་ཚོད་སྤྱད་དེ། མཛོད་དགེ་རྫོང་སློབ་འབྲིང་དུ་བསྐྱོད་དེ་བཅའ་ཁྲིམས་དང་སྲིད་ཇུས་སློབ་གླིང་དུ་བསྐྱོད་པའི་བྱ་འགུལ་སྤེལ། ཐེངས་འདིའི་བྱ་འགུལ་ལ་དགེ་སློབ1000ལྷག་ཟབ་ཞུགས་བྱས།
       བྱ་འགུལ་དུ། གྱོད་དོན་དཔེ་མཚོན་ཅན་དང་འབྲེལ་སྟེ་ཁྲིམས་ལུགས་གསལ་བཤད་བྱེད་པ་དང་། ཡུལ་དངོས་ཀྱི་དྲི་བ་དྲིས་ལན་གྱི་རྣམ་པ་སྤྱད་པ་དང་། ཁྲིམས་རྩོད་པས་ཅི་ཞིག་ལ་བཅའ་ཁྲིམས་ཟེར་བ་དང་། གཞོན་ནུ་ལོ་ཆུང་གི་བཅའ་ཁྲིམས་ཀྱི་འགན་འཁྲི་ཆེན་མོ་རྣམ་གསུམ་སྟེ། དམངས་དོན་བཅའ་ཁྲིམས་འགན་འཁྲི་དང་། ཉེས་དོན་བཅའ་ཁྲིམས་འགན་འཁྲི། སྲིད་འཛིན་བཅའ་ཁྲིམས་འགན་འཁྲི་བཅས་དང་། གཞན་ཁྲིམས་འགལ་བྱ་སྤྱོད་ལ་ཕྲད་སྐབས་ཀྱི་རང་སྲུང་སོགས་ཀྱི་ཕྱོགས་མང་པོ་ནས་ཞིབ་ཕྲའི་གསལ་བཤད་གནང་།
        ཐེངས་འདིའི་ཁྲིམས་སྐྱོང་སྒྲོག་འགྲེལ་གྱི་སློབ་གསོའི་བྱ་འགུལ་བརྒྱུད་དེ། སློབ་གྲོགས་རྣམས་ལ་གཞོན་ནུ་ལོ་ཆུང་གི་ཉེས་བཟོའི་སེམས་ཁམས་ལ་སྔར་ལས་ལྷག་པའི་རྒྱུས་ལོན་བྱེད་དུ་བཅུག་པ་དང་། སློབ་གྲོགས་རྣམ་པའི་དཀར་ནག་གོ་འབྱེད་དང་། རང་སྲུང་འདུ་ཤེས། ཉེས་བཟོར་འགོག་སྲུང་བྱེད་པ་བཅས་ཀྱི་ནུས་པར་མཐོར་འདེགས་ཆེན་པོ་བྱུང་བར་མ་ཟད། སློབ་གྲོགས་རྣམ་པའི་ཁྲིམས་སྲུང་སྒྲིག་བརྩི་ཡི་གོམས་གཤིས་ལེགས་པོ་ཆགས་པར་སྐུལ་འདེད་ཀྱི་ནུས་པའང་ཐོན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1