བྱེ་འགོག་བྱེ་བཅོས་ཀྱིས་ཕྱུག་པོའི་ལམ་དུ་བསྐྱོད།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-22


     བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གིས་ལྗང་མདོག་གི་དབུལ་སྒྲོལ་འགག་སྒྲོལ་ཇུས་གཞི་འཚོལ་ཞིབ་ཧུར་ཐག་བྱས་ཏེ་སྣོད་བཅུད་ཁོར་ཡུག་ལེགས་བཅོས་བྱས་པ་བརྒྱུད། “དཔེ་སྟོན་སྣེ་ཁྲིད་དང་། གཞི་རྒྱུའི་ཐོན་ཁུངས། སྡོང་ཕྲུག་མཁོ་འདོན། ཚན་རྩལ་ཁྱབ་གདལ་སློབ་གསོ། སོས་དལ་ལྟ་སྐོར”བཅས་གཞི་གཅིག་ཏུ་འདུས་པའི་སྡོང་ཕྲུག་འདེབས་གསོའི་རྟེན་གཞི་བཏོད་ཡོད།
     མིག་སྔར་རྟེན་གཞི་དེར་བཏབ་པའི་ཤིང་རྐང་ཁྲི་221.74ཟིན་པ་དང་ཆེད་མངགས་སྣོད་བཅུད་སླར་གསོའི་དཔེ་སྟོན་ཁུལ་བཀོད་སྒྲིག་བྱས་ནས་ཐན་འགོག་གི་ལྗོན་ཤིང་གི་སྡོང་ཕྲུག་དང་དེ་བཞིན་རྩྭའི་རིགས་བཏབ་ནས་ས་རྒྱུ་ལེགས་བཅོས་བྱས་པ་བརྒྱུད་སྐྱེ་དངོས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ནུས་པ་ཆེ་རུ་ཕྱིན་ཞིང་། འདི་ནི་ཟླ་3ཚེས་19ཉིན་རྟེན་གཞིའི་ལས་དོན་པས་ཐན་འགོག་གི་རྩི་ཤིང་རྩ་སྤོས་རྒྱག་བཞིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1