འདི་ལོ་སི་ཁྲོན་གྱིས་མ་དངུལ་སྒོར་དུང་ཕྱུར་10ཙམ་བཏང་སྟེ་བོད་རིགས་ས་ཁུལ་གྱི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏང་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-25



     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་སི་ཁྲོན་ཞིང་ཆེན་གྱིས་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་10ཙམ་བཏང་བ་དེ་དག་བོད་རིགས་ས་ཁུལ་གྱི་སློབ་གྲྭའི་སློབ་གཉེར་གྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་འབྲེལ“གྲོང་ཚོ་རེ་ལ་བུ་བཅོལ་ཁང་རེའི”འཆར་གཞི་དང“9+3”གྱི་འཆར་གཞི་གཏིང་ཟབ་ཏུ་གཏང་རྒྱུའི་ཐད་སྤྱོད་རྒྱུ་རེད།
     སི་ཁྲོན་ཞིང་ཆེན་གྱིས“མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཀྱི་ལོ་བཅུའི་བྱ་སྤྱོད་འཆར་གཞི”སོགས་སློབ་གསོའི་རྣམ་གྲངས་གལ་ཆེན་ལག་བསྟར་བྱས་པ་བརྒྱུད། བོད་རིགས་ས་ཁུལ་གྱི་སློབ་གྲྭ་འཛུགས་སྐྲུན་ཐད“མེད་པ་གཅིག་དང་ཡོད་པ་གཉིས”(ཉེན་ཁ་ཆེ་བའི་ཁང་པ་མེད་པ་དང་། འཛིན་གྲྭ་ཚང་མར་སློབ་ཁང་ཡོད་པ་དང་སློབ་མ་ཚང་མར་ཤིང་གི་སྒྲོག་རྩེ་དང་རྐུབ་སྟེགས་ཡོད་པ)ཐག་གཅོད་བྱས་པ་ནས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བར་འགྱུར་ལྡོག་བྱུང་ཡོད། འདི་ལོ་སི་ཁྲོན་ཞིང་ཆེན་གི“མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཀྱི་ལོ་བཅུའི་བྱ་སྤྱོད་འཆར་གཞི”དང“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་རྣམ་གྲངས། བོད་རིགས་ས་ཁུལ་གྱི་ཆེད་སྤྱོད་མ་དངུལ”སོགས་སློབ་གསོའི་རྣམ་གྲངས་ཆེན་མོ་གསུམ་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་བོད་རིགས་ས་ཁུལ་གྱི་སློབ་གྲྭ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏང་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1