རྔ་བ་རྫོང་གིས་ཁོར་ཡུག་བཅོས་སྐྱོང་ལས་ཀ་དར་སྤེལ་དུ་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་ཁུལ་བོད་སྐད་བརྙན་འཕྲིན། སྤེལ་དུས། 03-26


  ཉེ་སྔོན་རྔ་བ་རྫོང་དུ་བཅའ་སྡོད་བྱས་ཡོད་པའི་དྲག་ཆས་ཉེན་རྟོག་གི་བབ་སྟུན་ཉིང་ལག་རུ་ཁག་བཞི་པའི་དྲག་ཆས་ཉེན་རྟོག་དཔོན་དམག་སུམ་བརྒྱ་ལྷག་རྔ་བ་གྲོང་རྡལ་མཐའ་བ་སྟོད་མའི་ལམ་མཚམས་སུ་ཡོང་ནས།གནས་དེར་བཅའ་སྡོད་བྱས་ཡོད་པའི་མང་ཚོགས་རྣམས་ལ་ལམ་ངོས་ཀྱི་ཆུ་ལམ་གཙང་སྦྲ་བྱེད་རོགས་བྱས་ནས་ཁོར་ཡུག་གཙང་སྦྲའི་ཕྱོགས་བསྡུས་བཅོས་སྐྱོང་དར་སྤེལ་དུ་བཏང་ཡོད།
  གངས་རི་ཉི་མས་མ་ཞུ་ལ་ཁ་བ་ཆར་དུ་མ་སྙིལ་བའི་དཔྱིད་འགོ་མའི་རྔ་བའི་མཐོ་སྒང་དུ་དཔོན་དམག་རྣམས་ཀྱིས་མཐའ་བ་སྟོད་མའི་ལམ་མཚམས་ཀྱི་ཆུ་ལམ་འགྲམ་ངོགས་ཀྱི་དངོས་རྫས་དང་འཚོ་བའི་ཁྲོད་ཀྱི་གད་སྙིགས་སོགས་གཙང་སྦྲ་བྱེད་བཞིན་ཡོད་པ་དང་།གཙང་བཤེར་དང་བཅོས་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་དཔོན་དམག་རྣམས་འབག་བཙོག་ལ་མི་སྐྲག་པ་དང་ངལ་བ་ལ་མི་འཛེམ་པར་ཆུ་ངོགས་ཀྱི་བཏུང་བཅའི་འགྱིག་དམ་དང་འགྱིག་ཁུག དེ་མིན་ཆུ་ངོས་སུ་གཡེང་བཞིན་པའི་དངོས་པོ་བེད་མེད་སོགས་འཚོ་བའི་གད་སྙིགས་གཙང་དག་བྱེད་བཞིན་པ་མཐོང་རྗེས།མཐའ་འཁོར་གྱི་མང་ཚོགས་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་ངང་གཙང་སྦྲ་བྱེད་པའི་བྱ་འགུལ་ཁྲོད་ཞུགས།
  ཉིན་དེར་གཞུང་ལམ་དང་ཆུ་རྐའི་གད་སྙིགས་སོགས་བསྡོམས་པའི་ཏུན་དྲུག་ཅུ་ལྷག་གཙང་སྦྲ་བྱས་པ་དང་།བཅོས་སྒྲིག་བྱས་པ་བརྒྱུད་གཞུང་ལམ་དང་གྲམ་པའི་ངོགས་གཉིས་ཀྱི་ཁོར་ཡུག་ལ་མངོན་གསལ་དོད་པོས་ལེགས་བཅོས་ཐོབ་ཡོད་པ་མ་ཟད།དུས་མཚུངས་སུ་རྒྱ་ཆེའི་མང་ཚོགས་ལ་དྲིལ་བསྒྲགས་དང་སྐུལ་སློང་བྱས་ནས་ཆུ་ངོགས་གཙང་སྦྲ་དང་སྲུང་སྐྱོང་བྱས་སྟེ།དམངས་ཡོངས་ཟབ་ཞུགས་བྱེད་པའི་མཁའ་དབུགས་ལེགས་པོ་ཞིག་བསྐྲུན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1