དཔྱིད་ཀྱི་དུས་སུ་རེ་བའི་ས་བོན་བཏབ།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-27


མཛོད་དགེ་རྫོང་གདོང་སྣེ་ཡུལ་ཚོའི་དཔྱིད་རྨོའི་གནས་ཚུལ་ཟུར་བཀོད།

    འཕྲུལ་འཁོར་གྱི་ཆོམ་སྒྲ་བར་མེད་དུ་གྲགས་ཤིང་། མི་ཁོམ་པའི་རྒྱབ་གཟུགས་རེ་རེས་ཞིང་ཁ་བཀང་བའི་དུས་ཚིགས་ཏེ། དཔྱིད་ཟླ་གསུམ་པ་ནི། མཛོད་དགེ་རྫོང་གི་གདོང་སྣེ་ཡུལ་ཚོའི་ལོ་རེའི་དཔྱིད་རྨོའི་དུས་ཚིགས་རེད།

    ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ལན་ཀང་གིས་དཔྱིད་རྨོའི་སྐུལ་སློང་དང་བཀོད་སྒྲིག་གི་ཚོགས་འདུར་བཤད་རྒྱུར། དཔྱིད་རྨོའི་བྱ་བ་ལེགས་པར་བསྒྲུབས་ཏེ། མང་ཚོགས་ཀྱི་ལོ་སྨད་ཀྱི་ཡོང་འབབ་ཁག་ཐེག་བྱེད་པ་ནི། འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། མང་ཚོགས་ཀྱི་ཡོང་འབབ་བརྟན་བརླིང་ངང་འཕེལ་བ། འདེབས་འཛུགས་ལས་རིགས་གཏན་འཇགས་ངང་འཕེལ་བ་བཅས་ཀྱི་རྨང་གཞིའི་ལྷུ་ཚིགས་ཡིན་ཟེར། ཁོས་གསར་འགོད་པ་བཤད་རྒྱུར། གདོང་སྣེ་ཡུལ་ཚོ་ནི་ཐེ་བོའི་ཁུལ་དུ་གཏོགས་ཤིང་། གདོང་སྣེ་དང་ཐེ་བོ་གཉིས་ནི་མཛོད་དགེ་རྫོང་ནས་དཔྱིད་རྨོའི་དུས་ཚིགས་ཆེས་སྔ་བའི་ས་ཁུལ་ཡིན་ཟེར།


    ཇི་སྐད་དུ། དྲོད་གཤེར་ལྡན་དུས་ས་བོན་གདབ་ཅེས་པ་ལྟར། དུས་ཚིགས་འདི་ནི་ས་བོན་འདེབ་པའི་དུས་ཚོད་ལེགས་ཤོས་ཡིན་པས། གསར་འགོད་པ་གདོང་སྣེ་ཡུལ་ཚོར་བསྐྱོད་དེ། བརྙན་མིག་སྤྱད་དེ་ཁོ་ཚོ་དཔྱིད་རྨོའི་ལས་ལ་བྲེལ་བཞིན་པའི་རྣམ་པ་དེ་ལྷན་རྒྱས་ཀྱི་མིག་གི་དགའ་སྟོན་དུ་བཤམས་ཡོད།


    མང་ཚོགས་ཀྱི་བྱ་བའི་ལམ་ཐིག་དང་འབྲེལ་ཏེ། ཟླ3པ་ནས་བཟུང་། མཛོད་དགེ་རྫོང་གདོང་སྣེ་ཡུལ་ཚོའི་སྡེ་བའི་འགན་སྲུང་ལས་བྱེད་པ་ཚང་མ་ཞིང་ནང་དང་གྲོང་ཁྱིམ་དུ་སོང་ནས། དཔྱིད་རྨོའི་བྱ་བར་ཡུལ་དངོས་ནས་མཛུབ་སྟོན་བྱས། སྔོན་ཆད་ངེད་ཚང་ནི་དབུལ་སྐྱོར་གནད་འཁེལ་གྱི་ཁྱིམ་ཚང་ཞིག་ཡིན་ལ། ན་ནིང་རྒྱལ་ཁབ་ཀྱིས་ངེད་ཚང་ལ་འདྲུད་འཐེན་འཁོར་ལོ་གཅིག་དང་ཞིང་རྨོ་འཕྲུལ་ཆས་ཤིག་ཉོས་པས། ད་སྐབས་སྤྱོད་སྒོ་ཆེན་པོ་ལྡན་པ་རེད། ཆ་དཀྱིལ་སྒང་སྡེ་བའི་སྡེ་མི་སྣང་གྲགས་བཀྲ་ཤིས་ཀྱིས་མུ་མཐུད་དུ་བཤད་རྒྱུར། དེ་སྔོན་ངས་རང་གིས་ཞིང་རྨོ་འཕྲུལ་ཆས་འདི་བཀོལ་མི་ཤེས་པར་སེམས་ཁྲལ་བྱེད་བཞིན་ཡོད་མོད། བློ་ཡུལ་ལས་འདས་པ་ཞིག་ལ་ང་ཚོའི་སྡེ་བའི་འགན་སྲུང་ལས་བྱེད་པ་ཞིང་ནང་དུ་ཡོང་ནས་ང་ལ་འཕྲུལ་ཆས་བཀོལ་སྤྱོད་བྱེད་སྟངས་བསླབས་སོང་ཟེར།


    ལོ་སྔོན་མ་དག་ལ། ངེད་ཚང་གི་ས་ཞིང་མུའུ་གསུམ་པོ་འདི་ལ་ཞིང་འདེབས་པར་ཉིན་གསུམ་བཞི་ཞིག་དགོས་པ་རེད། ད་ལོ་རྒྱལ་ཁབ་ཀྱིས་ཉོས་པའི་འཕྲུལ་ཆས་འདི་དང་། ལས་བྱེད་པའི་རོགས་རམ་ཡོད་པས་ཉིན་གཉིས་ཀྱི་རིང་དུ་ལས་ཀ་ཡོངས་སུ་འགྲུབ་འདུག ཅེས་ཁོའི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་རྒྱས་ཏེ་བཤད་བྱུང་། 

   ཉེ་བའི་ལོ་ཤས་རིང་། གདོང་སྣེ་ཡུལ་ཚོས་ཐོག་མཐའ་བར་གསུམ་དུལས་བྱེད་པ་མང་ཚོགས་ཀྱི་གྲས་སུ་ལོག་པའི་བླང་བྱ་དང་། མང་ཚོགས་ཀྱི་ལས་ཀའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ལ་མཁོ་བ་དག་དུས་ལྟར་ཁོང་ཚོར་སྐྱེལ་བ་དང་། མང་ཚོགས་ཀྱི་དཀའ་ཁག་རང་གི་དཀའ་ཁག་ཏུ་བརྩིས་ཡོད།


   འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་བྱ་བའི་ཁྲོད། ངས་འབྲེལ་བ་བྱེད་པའི་ཁྱིམ་ཚང་གིས་ད་ལོ་གྲོ་མུའུ2དང་། ནས་མུའུ2དང་། སྲན་མ་མུའུ1བཅས་བཏབ་ཡོད། རི་མདོ་གྲོང་ཚོལས་བྱེད་པ་མའོ་ཧྲེང་གིས་རང་གི་འབྲེལ་བ་བྱེད་སའི་ཁྱིམ་ཚང་ཨ་ཕྱུག་ཚང་གི་འབྲུ་རིགས་འདེབས་འཛུགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་འདུག


   དཔྱིད་རྨོ་དང་མང་ཚོགས་ཀྱི་བྱ་བ་ཟུང་འབྲེལ་དམ་པོ་བྱས་ཤིང་། དཔྱིད་རྨོ་བརྒྱུད་དེ་ཏང་དང་སྲིད་གཞུང་གི་དྲོད་ཁོལ་མང་ཚོགས་ཀྱི་འགྲམ་དུ་བསྐྱལ་བ་དེ་ནི། ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བའི་སྦྲེལ་ཐག་ལྟ་བུ་ཡིན་པར་མ་ཟད། ལས་བྱེད་པའི་བྱ་བའི་རྣམ་འགྱུར་ལེགས་བཅོས་བྱེད་པའི་སྨན་མཆོག་ཅིག་ཀྱང་རེད། ཟླ3པ་ནས་བཟུང་། གདོང་སྣེ་ཡུལ་ཚོའི་ལས་བྱེད་པ18དང་། སྡེ་སྡོད་ལས་བྱེད་པ6  སྡེ་བའི་འགན་སྲུང་ལས་བྱེད་པ13 ཚང་མ་སྡེ་བའི་ནང་དུ་ཡོང་ནས་དཔྱིད་རྨོའི་ཡུལ་དངོས་སུ་མཛུབ་སྟོན་བྱེད་ཐེངས50ལྷག་བྱས། ཐེངས་10ལྷག་ལ་མང་ཚོགས་ཀྱི་འདེབས་འཛུགས་གནད་དོན་ཐག་གཅོད་བྱས་པས། ཁྱོན་ཡོངས་ནས་འདེབས་འཛུགས་ལ་མཛུབ་སྟོན་བྱས་པས། ད་ལོའི་དཔྱིད་རྨོ་ལ་དཀའ་ངལ་མེད། ཅེས་མང་ཚོགས་དག་གིས་སྨྲ་བཞིན་འདུག


རྩོམ་ཡིག་རྗེས་མ།
༄༅།། ནམ་མཁའ་མཚོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1