འཛམ་ཐང་དུ་དབུལ་སྐྱོར་ལས་བསྡུའི་བྱེད་སྒོ་སྤེལ།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-28


        ཟླ་3པའི་ཚེས་25ཉིན། འཛམ་ཐང་རྫོང་གི་2019ལོའི་ཤར་ནུབ་རྒྱུད་ཀྱི་ངལ་ལས་མཉམ་ལས་དང་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་གྱི་ཆེད་དོན་ལས་བསྡུ་བྱེད་སྒོ་རྫོང་མི་དམངས་སྲིད་གཞུང་གི་ཐང་ཆེན་དུ་སྤེལ།  


        ཝུན་ཀྲོའུ་ཧེང་ཡེ་མི་ཤུགས་ཐོན་ཁུངས་ཚད་ཡོད་ཀུང་སི་དང་ཀྲེ་ཅང་ཀྲུང་ཞུན་གློག་རྡུལ་ཚད་ཡོད་ཀུང་སི། མེན་དབྱང་ཁྲའོ་ཡུའེ་གློག་རྡུལ་ཚད་ཡོད་ཀུང་སི་སོགས་ཁེ་ལས་ཁག་31གིས་འཛམ་ཐང་རྫོང་གི་ལས་ཞུགས་ལ་མོས་པའི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་ཕོངས་དང་འབྲོག་ཁུལ་གྱི་ལས་མེད་ན་གཞོན། ཆེད་སྦྱོང་དང་འབྲིང་རིམ་གྱི་མཐར་ཕྱིན་སློབ་མ། 9+3གྱི་མཐར་ཕྱིན་སློབ་མ། ལས་ཀར་ཞུགས་པར་དཀའ་ངལ་ཡོད་པའི་མི་སོགས་ལ་ལས་གནས་1000ལྷག་མཁོ་སྤྲོད་བྱས།     

        ཐེངས་འདིའི་ལས་བསྡུ་བྱེད་སྒོ་ཡིས་2019ལོའི་རྫོང་ཡོངས་ཀྱི་དབུལ་ཞྭ་ཕུད་པའི་ལས་དོན་གྱི་ཁྱོན་ཡོངས་ལ་དམ་པོར་དམིགས་ཏེ། འབྲོག་ཁུལ་གྱི་ལས་མེད་ན་གཞོན་ལས་ཀར་ཞུགས་པ་ལ་སྐུལ་འདེད་གཏོང་ཞིང་། ཐུན་མོང་གི་ལས་ཞུགས་ཞབས་འདེགས་ལས་སྟེགས་བསྐྲུན་པ་དེ་བརྗོད་བྱ་གཙོ་བོར་བྱས་ནས། ལས་ཞུགས་དང་བྱ་གཞག་གསར་གཏོད་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱས་ཤིང་། ལས་ཞུགས་དང་བྱ་གཞག་གསར་གཏོད་ཀྱི་རོགས་སྐྱོར་ལས་སྟེགས་བསྐྲུན་ཏེ། རྫོང་ཡོངས་ཀྱི་སྤྱི་ཚོགས་འཆམ་མཐུན་དང་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བ་ལ་སྐུལ་འདེད་བཏང་།


        བསྡོམས་རྩིས་བྱས་པ་ལྟར་ན། ཐེངས་འདིའི་ལས་བསྡུ་བྱེད་སྒོ་ཡིས་བསྡོམས་པས་དྲིལ་བསྒྲགས་ཡིག་ཆ་200ལྷག་འགྲེམ་གཏོང་བྱས་ཡོད་པ་དང་། ཡུལ་དངོས་སུ་མི་200ལྷག་ལ་སྲིད་ཇུས་གནས་ཚུལ་གསལ་བཤད་བྱས་མཐར། ཐོག་མར་མི83མོས་མཐུན་བྱུང་སྟེ་ལས་ཞུགས་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1