རིག་ནུས་དྲ་སྦྲེལ་རླངས་འཁོར་པའོ་ཨའོ་ཚོགས་ཐོག་ཏུ་ཐོན་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 03-29



 ༄༅།།རིག་ནུས་དྲ་སྦྲེལ་རླངས་འཁོར་པའོ་ཨའོ་ཚོགས་ཐོག་ཏུ་ཐོན་པ།


     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་27ཉིན། རིག་ནུས་དྲ་སྦྲེལ་རླངས་འཁོར་ཚོད་ལྟ་བྱེད་ཡུལ་གྱི་རྣམ་གྲངས་ཏེ་ཧའེ་ནན་པའོ་ཨའོ་རུ་འགྲེམས་སྟོན་བྱས་པ་དང་། རིག་ནུས་དྲ་སྦྲེལ་རླངས་འཁོར་ནི་འཁོར་འབྲེལ་དྲ་རྒྱ་དང་རིག་ནུས་རླངས་འཁོར་གྱིས་མཉམ་འབྲེལ་དམ་པོ་བྱས་པ་ཡིན་ལ། སྔོན་ཐོན་གྱི་རླངས་འཁོར་ཚོར་བརྡ་བརྒྱུད་གཏོང་འཕྲུལ་ཆས་དང་།  རྒྱང་འཛིན་འཕྲུལ་ཆས། ལག་བསྟར་འཕྲུལ་ཆས་བཅས་སྒྲིག་འགོད་བྱས་ཡོད་ཅིང་། དེང་རབས་ཀྱི་བརྡ་འཕྲིན་དང་དྲ་རྒྱའི་ལག་རྩལ་མཉམ་འདྲེས་བྱས་ཏེ། རླངས་འཁོར་དང་། མི། ལམ།  རྒྱབ་རྟེན་བཅས་ཀྱི་བར་ལ་རིག་ནུས་ཆ་འཕྲིན་བརྗེ་རེས་མཉམ་སྤྱོད་ཆོག་པ་མངོན་འགྱུར་བྱུང་ཡོང་ཅིང་། བདེ་འཇགས་དང་། སྐྱིད་པོ། ནུས་ཁུངས་གྲོན་ཆུང་། ཕན་ནུས་ཆེ་བ་བཅས་ཀྱི་འགྲོ་སྐྱོད་བཅས་མངོན་འགྱུར་བྱུང་བའི་རླངས་འཁོར་རབས་གསར་པ་ཞིག་ཡིན། 






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1