༄༅། །གྲོ་མ་འབྲས་སིལ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།བོད་ཀྱི་སྐད་ཡིག་དྲ་བ། སྤེལ་དུས། 10-11


     བོད་མིས་ལོ་གསར་ཚེས་པ་གཅིག་གི་ཞོགས་པ་ཟས་ཀྱི་དང་པོར་འབྲས་སིལ་ཟ་སྲོལ་ཡོད་པ་དང་། གཉེན་སྒྲིག་སོགས་ཀྱི་མཛད་སྒོ་ཁག་ལ་ངེས་པར་དུ་འབྲས་སིལ་གཏོང་དགོས་ཀྱི་ཡོད། འབྲས་སིལ་ནི་རྟེན་འབྲེལ་མཚོན་རྟགས་ཀྱི་བཀྲ་ཤིས་པའི་ཟས་ཤིག་ཡིན། དེའི་རྒྱུ་མཚན་ཡང་བོད་མིའི་བསམ་པའི་ནང་ཚོན་མདོག་དཀར་པོ་ནི་བཀྲ་ཤིས་པ་དང་རྟེན་འབྲེལ་མཚོན་རྟགས་ཤིག་ཡིན་པས། འབྲས་ནི་འབྲུ་རིགས་ཀུན་ལས་དཀར་ཤོས་ཡིན་པ་གང་གི་རྒྱུ་མཚན་ལ་འགྱུར་བ་དང་གཅིག མིང་གི་རྣམ་གྲངས་ནང་འབྲས་ལ་དུང་གི་མུ་ཏིག་དང་། པ་ཊ་སོགས་ཟེར་གྱི་ཡོད་པས་དུང་དཀར་དང་པ་ཊ་ནི་བཀྲ་ཤིས་རྟགས་བརྒྱད་ནང་གི་སྣ་གཉིས་ཡིན་པས་རྟེན་འབྲེལ་གྱི་མཚོན་རྟགས་ཡག་ཤོས་ཤིག་ཡིན་པ་དང་གཉིས། དེ་དང་དུས་མཚུངས་སུ་བོད་མིའི་བསམ་པའི་ནང་འབྲས་བུ་ཟེར་བ་དེ་རྩ་ཆེན་ཞིག་ལ་བརྩི་ཡི་ཡོད། འབྲས་བུ་སྨིན་པ་ནི་ཕུགས་བསམ་གྲུབ་པ་ཞིག་ལ་བརྩི་ཡི་ཡོད། དཔེར་ན་མི་རྒས་ནས་འདས་གྲོང་དུ་གྱུར་ན་དེ་འབྲས་བུ་སྨིན་པ་རེད། ཅེས་བཤད་སྲོལ་ཡོད་པ་དང་གསུམ། ད་དུང་འབྲས་སིལ་གྱི་ནང་གྲོ་མ་དང་རྒུན་འབྲུམ་སྲེ་སྲོལ་ཡོད་པས། གྲོ་མ་ནི་ཁ་བྲོ་བའི་དོན་དང་། རྒུན་འབྲུམ་ནི་ཤིང་ཏོག་གི་ནང་ནས་རིགས་མཐོ་བ་ཞིག་ཡིན་པས། མིང་གི་རྣམ་གྲངས་ནང་རྒུན་འབྲུམ་ལ་སྦྲང་གི་རོ། རོ་ལྡན་སོགས་ཀྱི་མིང་ཐོབ་པ་དེའི་ཐོག་ནས་སྦྲང་རྩི་ལྟར་མངར་བའི་བསམ་དོན་ལྷུན་གྱིས་གྲུབ་པའི་དོན་ལྡན་ཡོད་པ་དང་བཞི་བཅས་སོ།



རྩོམ་ཡིག་སྔོན་མ།
༄༅། །གངས་སེང་གི་བཤད་པ།
རྩོམ་ཡིག་རྗེས་མ།
༄༅། །དམངས་སྒྲུང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1