བོད་ལྗོངས་ཀྱི་སྤོ་བོ་རྫོང་གིས་ཀྲུང་གོའི་ཁམ་བུའི་མེ་ཏོག་གི་ལུང་ཤུར་ཆེ་ཤོས་སྒོ་ཕྱེ་བ།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 04-08


     ཟླ་4ཚེས་3ཉིན་གྱི་སྔ་དྲོའི་ཆུ་ཚོད་10པའི་ཐོག 2019ལོའི་ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་དུས་ཆེན་སྐབས་17པའི་སྤོ་བོ་ཡན་ལག་ཚོགས་རའི་བྱེད་སྒོ་དངོས་སུ་འགོ་བརྩམས་པ་དང་། ཐེངས་འདིའི་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི་“དམར་མདངས་བཀྲ་བའི་སྤོ་བོ་ནས་འཁྱགས་རོམ་དང་ཁམ་བུའི་མེ་ཏོག་ལ་རོལ”ཞེས་པ་དེ་རེད།
   ཐེངས་འདིའི་བྱེད་སྒོའི་ནང་ཡུལ་ཟོག་གི་ཚོང་འདུས་དང་། ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་གན་འཇོག   རིག་གནས་སྒྱུ་རྩལ་སྐོར་འཁྲབ་སོགས་ཀྱི་ནང་དོན་བཅུ་ལྷག་ཙམ་ཡོད་པ་རེད།
     ཉེ་བའི་ལོ་ཤས་རིང་། སྤོ་བོ་རྫོང་གིས་དམིགས་གསལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ལེགས་ཆ་བེད་སྤྱོད་ཡག་པོ་བྱས་པ་དང་། སྤོ་བོ་རྫོང་ཡོངས་ཡུལ་སྐོར་དཔེ་མཚོན་རྫོང་དུ་འཛུགས་སྐྲུན་བྱས་ཏེ།  ནུས་ཤུགས་ཆེན་པོས་ཞིང་ལས་སྣོད་བཅུད་ཡུལ་སྐོར་དང་། གྲོང་གསེབ་ཀྱི་སྤྲོ་གསེང་ཉམས་ལེན་ཡུལ་སྐོར་སོགས་ལས་རྣམ་གསར་པ་འཕེལ་རྒྱས་བཏང་བས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཇེ་མཐོར་ཕྱིན་ཡོད་པ་རེད།

2016ལོའི་ཟླ་10པར། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི་སྤོ་སྟོད་ཁམ་བུའི་མེ་ཏོག་ལུང་ཤུར་དེ་ཧྲང་ཧའེ་འཛམ་གླིང་ཆེ་མོའི་ཅི་ཉི་སི་སྤྱི་ཁྱབ་པུས་“ཀྲུང་གོའི་ཁམ་བུའི་མེ་ཏོག་གི་ལུང་ཤུར་ཆེ་ཤོས་”ལ་གདམ་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1