༄༅།། གངས་སྐྱོན་སྔོན་འགོག་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 04-08



གངས་སྐྱོན་ལ་བྱོལ་ཐབས།
1. གངས་སྐྱོན་བྱུང་སྟེ་གངས་ནང་དུ་ལུས་ན་མྱུར་མོར110དང119སོགས་སུ་ཁ་པར་བཏང་སྟེ་སྲོག་སྐྱོབ་རེ་བ་ཞུ་དགོས།
2.ཁ་བ་དྲག་ཏུ་བབས་ནས་ཕྱུགས་ལ་ཟ་རྒྱུ་མེད་ཚེ་མིའི་ཐབས་ཀྱིས་གཟན་རྩྭས་གསོ་དགོས།
3.རི་མགོར་འགྲོ་དུས་ལྭ་བ་མཐུག་པོ་དང་ཤུད་མི་སླ་བའི་ལྷམ་གྱོན་དགོས།

4.རྒན་པ་དང་ལོ་ཆུང་ཉམ་ཐག་པ་རི་མགོར་བསྐྱོད་མི་རུང་ལ། འགྱེལ་ནས་རྨས་སྐྱོན་ཕོག་པར་གཟབ་དགོས།


གངས་སྐྱོན་འགོག་སྲུང་།
        ཁ་བ་བུ་ཡུག་གི་ནམ་ཟླ་འབྱུང་ལ་ཉེ་སྐབས། ཕྱུགས་རྣམས་ཕྱུགས་ཁང་དུ་དེད་ཡོང་དགོས་པར་མ་ཟད་།གྲང་འཁྱགས་སྔོན་འགོག་གི་བྱེད་ཐབས་འོས་འཚམ་གྱིས་བཀོལ་དགོས། དཔེར་ན། ཕྱུགས་ཁང་གི་སྒོ་དང་དྲ་མ་གཏན་ཡག་བྱེད་པ། ཐང་དུ་རྩྭ་སྐམ་འདིང་བ། ཐ་ན་ཕྱུགས་ཀྱི་སྟེང་དུ་ཉལ་ཐུལ་དང་བལ་ཕྱར་འགེབ་དགོས།

བྱེད་ཐབས།

1.གཟན་རྩྭའི་རྟེན་གཞི་འཛུགས་པ། དགུན་མ་ཐོན་པའི་གོང་གཟན་རྩྭ་འདང་ངེས་པ་ཞིག་གསོག་དགོས། ཆ་རྐྱེན་འཛོམས་ན་རྩྭ་སའི་རྒྱ་ཁྱོན་རྒྱ་བསྐྱེད་པ་དང་གཟན་རྩྭ་འདེབས་པའི་རྟེན་གཞི་འཛུགས་པ། གཟན་རྩྭ་དང་སྤུས་ལེགས་གཟན་རྩྭ་བཏབ་ནས་རྩྭ་ཁང་ནང་དུ་གཟན་རྩྭ་འདང་ཚོད་ཅིག་བསགས་ན་གངས་སྐྱོན་སྐབས་ཀྱི་གཟན་རྩྭ་ཐག་གིས་གཅོད་ཐུབ།
2.ཕྱུགས་ཁང་ལས་པར་ཤུགས་སྣོན་པ། གངས་སྐྱོན་བྱུང་རྗེས་ཕྱུགས་ཟོག་ཕྱུགས་ཁང་དུ་གསོས་ན་ཁ་བ་བུ་ཡུག་གིས་ཐད་ཀར་གནོད་པ་བཟོ་མི་ཐུབ། ཕྱུགས་ཟོག་ཕྱུགས་ཁང་གཞན་དུ་འདེད་པའི་ལམ་བར་ནས་རླུང་གི་རྒྱུ་བ་གཉོམ་ཞིང་ཉིན་ཁ་དང་ས་སྐམ་པོ་བརྒྱུད་ནས་འདེད་དགོས། རླུང་དང་ཁ་བ་འགོག་ཐུབ་པའི་གྱང་བརྩིགས་ནས་གྲང་འཁྱགས་དང་བྱོལ་ཅི་ཐུབ་བྱས་ན་ཁ་བ་བུ་ཡུག་གི་གོད་ཆགས་ཇེ་ཡང་དུ་གཏོང་ཐུབ།
3.སྔོན་བརྡ་གཏོང་བར་ཤུགས་སྣོན་པ། འབྲེལ་ཡོད་སྡེ་ཁག་གིས་འབྱུང་སྲིད་པའི་ཁ་བ་བུ་ཡུག་གི་ནམ་ཟླར་ལྟ་ཞིབ་ནན་མོ་བྱས་ཏེ། ཁ་བ་བུ་ཡུག་གི་དྲག་ཚད་དང་ཤུགས་རྐྱེན་ཁྱབ་ཁོངས་སྔ་མོ་ནས་བརྡ་གཏོང་དགོས་པར་མ་ཟད། འབྲེལ་ཡོད་ཀྱི་སྔོན་བརྡ་བཏང་ནས་སྤྱི་ཚོགས་ལས་རིགས་ཁག་ལ་སྔ་མོ་ནས་འགོག་སྲུང་བྱེད་དགོས་པའི་དྲན་སྐུལ་བྱེད་དགོས།
        དེ་ལས་གཞན། ཁ་བ་འབབ་ལ་ཉེ་སྐབས་མྱུར་བགྲོད་གཞུང་ལམ་སྟེང་གི་གངས་དུས་ཐོག་ཏུ་ཕྱགས་དགོས། གངས་མྱུར་མོར་ཞུ་རུ་འཇུག་ཆེད་ལམ་ངོས་སུ་ཞུ་རྫས་གཏོར་དགོས། ཁ་བ་བུ་ཡུག་གི་ནམ་ཟླ་འབྱུང་ལ་ཉེ་སྐབས་དྲོད་ཁང་དང་སྤྱིལ་ཁང་། ཕྱུགས་ར་སོགས་ཀྱི་སྒྲིག་བཀོད་ཇེ་བརྟན་དུ་གཏོང་དགོས། ཁ་བ་བུ་ཡུག་གིས་སྒྲིག་བཀོད་སློག་པར་སྔོན་འགོག་བྱེད་དགོས།
        གངས་སྐྱོན་བྱུང་སྐབས་སམ་གངས་སྐྱོན་གི་རྗེས་སུ་ནམ་ཟླ་སྤྱིར་བཏང་དུ་ཤིན་ཏུ་འཁྱགས་པས་སྐབས་དེར་མི་རྣམས་ལ་འཁྱགས་ཕྱིད་འབྱུང་ཤིན་ཏུ་སླ། འཁྱགས་ཕྱིད་ཀྱི་འབྱུང་རྐྱེན་གཙོ་བོ་ནི་དྲོད་ཚད་དམའ་མོའི་གྲང་རྒྱུན་ཡིན། ད་རུང་གྲང་བརླན་དང་རླུང་གཡུག་པ། ལྭ་བ་གྱོན་ཉུང་བ། ཡུན་རིང་དུ་མི་འགུལ་བ་སོགས་ཀྱིས་འཁྱགས་ཕྱིད་ཇེ་ལྗིད་དུ་གཏོང་སྲིད། དེ་ལས་གཞན་ཐང་ཆད་པ་དང་ལྟོགས་པ། ཁྲག་ཤོར་བ། ཟས་བཅུད་མི་འདང་བ་སོགས་ཀྱིས་ཀྱང་མི་ལུས་ཀྱི་རིམས་འགོག་ནུས་པ་དམའ་རུ་བཏང་སྟེ་འཁྱགས་ཕྱིད་འབྱུང་བ་ཡིན། །

(ཞིང་ཆེན་འཚུབ་ཟློག་དོ་དམ་ཐིང་གིས་འདོན་སྤྲོད་བྱས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1