ཁྲུང་ཁྲུང་སྐེ་ནག་ཁག་དང་པོ་རྒྱལ་ཐང་དུ་སླེབས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-09



        ཟླ་4ཚེས་6ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ཁོར་ཡུག་སྲུང་སྐྱོང་ནགས་ཚལ་ཅུས་ནས་ཤེས་རྟོགས་བྱུང་གསལ། ད་ལོའི་ཁྲུང་ཁྲུང་སྐེ་ནག་ཁག་དང་པོ་དེ་ཟླ་3པའི་ཟླ་དཀྱིལ་དུ་རྒྱལ་ཐང་རྩྭ་ཐང་དུ་སླེབས་པ་དང་། མིག་སྔའི་བར་ཁྱུ་ཚོགས་ཆེ་ཤོས་ལ་ཁྲུང་ཁྲུང་271ཙམ་ཡོད། 

        ཤེས་རྟོགས་བྱུང་བར་གཞིགས་ན། ཁྲུང་ཁྲུང་སྐེ་ནག་ནི་རང་རྒྱལ་གྱི་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་ཞིང། མཐོ་སྒང་གི་སྐྱེ་ཁམས་འགྱུར་ལྡོག་ཐད་ཕྱོགས་སྟོན་རང་བཞིན་ལྡན་པའི་སྲོག་ཆགས་ཤིག་ཀྱང་ཡིན་ལ། ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་དུ་འཚོ་སྐྱེས་ཁོར་ཡུག་བཟང་ངན་མཚོན་ཐུབ་པའི་འདབ་ཆགས་ཀྱི་རིགས་ཤིག་ཡིན། དེའི་འཚོ་གནས་བྱ་ཡུལ་གཙོ་བོ་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་2500ནས་སྨི་5000བར་གྱི་མཐོ་སྒང་གི་རྩྭ་ཐང་དང་ན་འདམ་ཡིན་ཞིང་། གཙོ་བོ་མཚོ་སྔོན་དང་བོད་ལྗོངས་ས་ཁུལ་དུ་ཁྱབ་ཡོད། དེ་ནི་འཛམ་གླིང་ཐོག་ཁ་གྲངས་ཉུང་ལ་མཐོ་སྒང་ནས་སྐྱེ་འཕེལ་བྱེད་པའི་ཁྲུང་ཁྲུང་གི་རིགས་ཤིག་རེད། ཐེངས་འདིར་ཁྲུང་ཁྲུང་འབོར་ཆེན་འབབ་སའི་རྒྱལ་ཐང་རྩྭ་ཐང་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁོངས་ཀྱི་རྩྭ་ཐང་ཆེན་པོ་ཨང་གཉིས་པ་ཡིན་ཞིང་། ཆ་སྙོམས་ཀྱི་ས་བབ་མཐོ་ཚད་ལ་སྨི་3700ལས་བརྒལ་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1