བོད་ཀྱི་ལྷ་རིས་པ་ཆེན་མོས་བོད་སྨན་གྱི་ཐང་ག་ཡང་བསྐྱར་འབྲི་བཞེངས་མཛད་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 04-11



             གནའ་མཁར་ལྷ་སའི་བར་སྐོར་ལམ་གྱི་ར་སྒོ་ཞིག་ནང་། ལྷ་རིས་པ་འཇིགས་མེད་སྐྱིལ་གྲུང་དུ་བསྡད་དེ། ཉིན་རྒྱུན་གྱི་ལས་ཀ་ཐང་ག་འབྲི་བཞེངས་ཀྱི་འགོ་བརྩམས།  ཐེངས་འདིའི་འབྲི་བཞེངས་ནི་ཡར་སྔོན་གྱི་ཆོས་ལུགས་ནང་དོན་དུ་བཟུང་བའི་ཐང་ག་དང་མི་འདྲ་སྟེ།  སྨྱུག་ཁ་ཡར་ལེན་མར་ལེན་གྱི་སྐབས་སུའང་བོད་སྨན་གསོ་རིག་གི་ཐང་ཁ་བཞེངས་ཐབས་ཏེ་སྨན་ཐང་གི་འབྲི་རྩལ་ངང་གིས་ངོམ་ཡོང་། 
ལྷ་རིས་པ་འཇིགས་མེད་ནས་ཆོས་ལུགས་ཀྱི་ཐང་ག་ཞིག་འབྲི་པའི་ཚུལ།
བཞེངས་ནས་གྲུབ་པའི་སྨན་ཐང་།
             བོད་ལུགས་གསོ་རིག་གིས་སྔར་ནས་བཟུང་སྨན་རྫས་ཀྱི་དཔེ་རིས་རྩོམ་སྒྲིག་བྱ་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། སྤྱི་ལོའི་དུས་རབས་བརྒྱད་པའི་དུས་འགོར་ཐུ་བྷོད་རྒྱལ་རབས་ཀྱི་རྒྱལ་པོའི་ནང་འཁོར་གྱི་སྨན་པ་པི་ཅི•ཙན་པ་ཤིས་ལ་ཡིས་《བེམ་རོའི་པར་རིས》ཞེས་པའི་ལེའུ་ཉེར་དྲུག་ཅན་དང་། 《བེམ་རོའི་ཆ་ཤས་རི་མོ》དང་《གསོན་གཟུགས་དང་ཕུང་པོ་ཚད་འཇལ་བྱེད་པ》ཞེས་པ་ཁག་རེ་བྲིས་མྱོང་ཡོད། 《རྒྱུད་བཞི》དར་ཁྱབ་བཏང་རྗེས་རྒྱུན་དུ་སྨན་པ་མཁས་ཅན་གྱིས་རི་མོའི་རམ་འདེགས་ལ་བརྟེན་ནས་འཆད་ཁྲིད་བྱེད་ཀྱི་ཡོད་ལ། དེ་ནི་གཅིག་ནས་སྤྱོད་གོ་ཆོད་པའི་ཚན་རིག་ཅིག་ཡིན་པ་དང་། ཅིག་ཤོས་ནས་འོད་སྟོང་འཕྲོ་བའི་སྒྱུ་རྩལ་ཞིག་ཡིན་པས།  བོད་ཀྱི་སྔོན་བྱོན་མཁས་མཆོག་རྣམས་ཀྱི་བློ་གྲོས་ཀྱི་རྩལ་ལས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐང་ག་བྱུང་ནས་གནའ་བོའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐང་གའི་ཚོན་ལྡན་རི་མོ་འདི་གྲུབ།
             2017ལོའི་ཟླ་8པར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་མངགས་བཅོལ་ལྟར་འཇིགས་མེད་དང་ཁོང་གི་དགེ་སྤུན་བསྟན་འཛིན་གྱིས《རྒྱུད་བཞི》ཞེས་པའི་ཐང་ག་བཞེངས་འགོ་བཙུགས་ཏེ་བོད་ཀྱི་གསོ་བ་རིག་པའི་སྒྱུ་རྩལ་དང་སྒྱུ་རྩལ་གྱིས་ཕྱུག་པའི་བོད་ལུགས་གསོ་རིག་སླར་ཡང་མངོན་པར་བྱས། 
             འཇིགས་མེད་ཀྱིས་བཤད་རྒྱུར། ཁོང་ཚོས་བཞེངས་པའི་《རྒྱུད་བཞི》ཞེས་པའི་ཐང་ག་ལ་ཁྱོན་བསྡོམས་ཐང་ག་བརྒྱད་ཅུ་ཡོད་ཅིང་། དེ་ལས་ཁག་བདུན་ཅུ་དོན་དགུ་པར་ཚོན་ཁྲ་ཅན་གྱི་མུ་འབྲེལ་རི་མོའི་རྣམ་པའི་ཐོག་ནས《རྒྱུད་བཞི》ཡི་ནང་དོན་མཚོན་པར་བྱས་པ་དང་། ཁག་བརྒྱད་ཅུ་བ་ནི་དུས་རབས་རིམ་བྱུང་གི་ལྷ་རྗེ་གྲགས་ཅན་གྱི་རི་མོ་ཡིན་ཟེར། 
ལྷ་རིས་པ་བསྟན་འཛིན་ལགས་ཀྱིས་སྨན་ཐང་འབྲི་བཞིན་པའི་ཚུལ།
ཐང་ག་བཞེངས་མཁན་བསྟན་འཛིན་གྱིས་སྨན་ཐང་བཞེངས་ཞོར་དུ་མ་དཔེ་ལ་ལྟ་བ།
             སྐྱིལ་ཀྲུང་དུ་བསྡད་རྗེས་འཇིགས་མེད་དང་བསྟན་འཛིན་གཉིས་མདུན་གྱི་རི་མོའི་རས་གཞིར་འཁོར་ཏེ། ཧ་ཅང་ཕྲ་བའི་སྨྱུག་རྩེ་ལས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་བསྟན་བཅོས་ཁྲོད་ཀྱི་མི་ལུས་ཀྱི་རུས་སྒྲོམ་དང་། སྨན་བཅོས་ཡོ་བྱད། ས་མཐོའི་ཁྱད་ལྡན་ཐོན་རྫས་དང་རྩྭ་སྨན་སོགས་ཀྱི་གཟུགས་དབྱིབས་ཞིབ་ཆ་ལྡན་པའི་ངང་རེ་རེ་ཐིག་རིས་སུ་ཕབ་རྗེས་མ་དཔེར་གཤིབ་སྡུར་བྱས་ནས་ཚོན་བྱུག་གི་ཡོད། འདི་ལྟ་བའི་གོ་རིམ་ལན་དུ་མར་ཡང་དང་བསྐྱར་དུ་བརྒྱུད་རྗེས་ཆེས་ཆུང་ལ60*75cmཅན་གྱི་རས་གཞི་ངོས་ལ་རི་མོ་ཆེ་ཆུང་བརྒྱད་ཅུ་ལྷག་བཞེངས་ཐུབ་ཀྱི་ཡོད་པ་རེད། 
             འཇིགས་མེད་དང་བསྟན་འཛིན་གྱིས་བཤད་རྒྱུར། བོད་ཀྱི་སྨན་ཐང་ཞིག་བཞེངས་ན་དུས་རྒྱུན་གྱི་ཆོས་ལུགས་ཀྱི་ཐང་ག་ལས་དུས་ཚོད་མང་པོ་དགོས་ཀྱི་ཡོད། ལོ་ངོ་ཉི་ཤུ་ལྷག་ཙམ་གྱི་སྨན་གསར་ལུགས་ཀྱི་ཐང་གའི་འབྲི་རྩལ་ཡོད་པའི་ཁོང་གཉིས་ལ་མཚོན་ན་ཆོས་ལུགས་ཐང་ག་བཞེངས་སྟངས་སྔ་ས་ནས་ཁོང་དུ་ཆུད་ཡོད། དེ་ཡང“ཆོས་ལུགས་རིགས་ཀྱི་ཐང་ག་ནི《ཐིག་རྩ》ལ་གཞིགས་ནས་སྐུ་འདྲ་འབྲི་བ་ཡིན།། དེ་དང་བསྡུར་ན་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐང་ག་འབྲི་སྟངས་ལ་བླང་བྱ་ནན་པོ་མེད་ཀྱང་ཞིབ་ཆའི་ཆ་ལ་རེ་བ་ཧ་ཅང་མཐོན་པོ་ཡོད་ཟེར། 
             བོད་ཀྱི་སྨན་ཐང་ཐོག་གི་རི་མོ་ཆུང་ཆུང་ཚང་མར་རགས་དབྱིབས་དང་གཟུགས་དབྱིབས་ཆ་ཚང་ཡོད་པས་ཁོང་ཚོས་མ་དཔེ་ལ་བསྟུན་ནས་འབྲི་དགོས། གལ་ཏེ་གསལ་བོ་མིན་པའི་གནད་ལ་འཕྲད་ཚེ《བོད་ལུགས་གསོ་རིག་གི་རྒྱུད་བཞིའི་སྨན་ཐང་།》དང་《གསོ་རིག་རྒྱུད་བཞིའི་སྨན་ཐང་བརྒྱད་ཅུའི་དཀའ་འགྲེལ་བཻཌཱུརྱའི་འོད་སྣང་ཞེས་བྱ་བ》ཞེས་པའི་དེབ་དེ་གཉིས་ལ་བལྟས་པ་ཡིན། 
             “སྔ་མ་ནི་གཙོ་བོ་རི་མོ་ཆུང་ཆུང་དང་ཐང་ག་ཧྲིལ་པོ་གང་འདྲ་ཡིན་པ་དང་། ཕྱི་མ་ནི་གཙོ་བོ་འགྲེལ་བརྗོད་ཡིན་ཏེ།  དཔེར་ན་མིའི་ལུས་ཀྱི་རུས་པ་དང་རྩ་སོགས་ཇི་ལྟར་གྲུབ་ཚུལ་ལ་བལྟས་རྗེས་མུ་བསྐྱངས་ནས་འབྲི་དགོས། ”ཞེས་བསྟན་འཛིན་གྱིས་བཤད། 
བཞེངས་གྲུབ་བྱུང་བའི་སྨན་ཐང་། 
འབྲི་བཞིན་པའི་སྨན་ཐང་། 
འབྲི་བཞེངས་གི་གོ་རིམ་ཁྲོད་འབྲེལ་ཡོད་བསྟན་བཅོས་ལ་ཟུར་ལྟ་བྱེད་པ། 
             ཐང་ག་འབྲི་སྐབས་ཧ་ཅང་ཞིབ་ཆ་ལྡན་དགོས་པ་ཕུད། ཚོན་སྡེབ་སྟངས་ལ་ཡང་དང་དོད་བྱེད་དགོས། “བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐང་གའི་ཚོས་གཞི་དེ་ཆོས་ལུགས་རིགས་ཀྱི་ཐང་ག་འབྲི་བཞེངས་དང་མི་འདྲ་བ་སྟེ།  ཚོན་མདངས་ཞི་ཞིང་བག་བྲོ་བ་ཞིག་ཡིན་དགོས་པས། གླང་སྤྱིན་བཀོལ་ནས་སྲོལ་རྒྱུན་གྱི་གཏེར་རྫས་རྩི་ཤིང་གི་ཚོན་རྫས་སྙོམས་སྒྲིག་བྱེད་དགོས། ད་ཆ་ཁོང་ཚོས་སྨན་ཐང70ལྷག་ཙམ་ལེགས་གྲུབ་ཟིན་པ་དང་། མིག་སྔའི་འཕེལ་རིམ་ལ་གཞིགས་ན། འདི་ལོའི་ཟླ་9པར་ཚང་མ་བྲིས་ཚར་གྱི་ཡོད་ཅེས་འཇིགས་མེད་ནས་བཤད་བྱུང་།
སྨན་ཐང་གི་ཞིབ་ཆ།
སྨན་ཐང་གི་ཞིབ་ཆ།
             བོད་སྨན་ཐང་ག་དང“འཕྲད་པའི”བརྒྱུད་རིམ་ཡང་བསྐྱར་མངོན་རྒྱུ་ནི་དཀའ་ཚེགས་ཆེ་བའི་ལས་ཤིག་དང་། ཧ་ཅང་ཞིབ་ཆ་ཆེ་ལ་གཟབ་ནན་ལྡན་པ་ཞིག་ཡིན་རུང་། འཇིགས་མེད་དང་བསྟན་འཛིན་གཉིས་ནས་རང་གི་ཐང་ག་འབྲི་རྩལ་ལ་བརྟེན་ནས་བོད་ལུགས་གསོ་རིག་གི་གསུང་རབ་རྒྱུན་འཛིན་ལ་རོགས་རམ་ཐུབ་ན་དེ་ནི་དོན་སྙིང་ལྡན་པའི་ལས་ཉག་ཅིག་ཡིན་པར་ངོས་འཛིན་གྱིན་འདུག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1