མཛེས་སྡུག་ལྡན་པའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག

རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 04-11




འདི་ནི་ཡུལ་སྐོར་བ་ཚོས་ཀ་ལ་གྲོང་ཚོའི་ནང་དུ་པར་ལེན་པའི་རྣམ་པ་རེད། 
          ཁམ་བུའི་མེ་ཏོག་གིས་གནའ་སྔ་མོ་ནས་དཔྱིད་ཀ་མཚོན་པར་མ་ཟད། མཛེས་སྡུག་ལྡན་པའི་བརྩེ་དུང་ཡང་མཚོན་གྱི་ཡོད། ད་ཆ་ཁྱེད་ཉིད་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོར་ཕེབས་སྐབས། དྭངས་གཙང་གི་མཁའ་རླུང་དང་། སྔོ་ཞིང་དྭངས་པའི་ནམ་མཁའ། གླིང་ཁའི་ཁམ་སྡོང་། མུ་འབྲེལ་བའི་མེ་ཏོག་གི་རྒྱ་མཚོ་བཅས་ཀྱིས་ཁྱེད་རང་ཕྱིར་ལོག་རྒྱུའང་བརྗེད་ནས་དེས་ཡིད་དབང་འཕྲོག་པར་བྱེད་ངེས། ཟླ་3པའི་ཚེས་29ཉིན།  རབ་ཏུ་བཞད་པའི་ཁམ་བུའི་མེ་ཏོག་གི་བསྣོལ་འདྲེས་འོག  ཉིང་ཁྲི་གྲོང་ཁྱེར་གྱི་2019ལོའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅུ་བདུན་པའི་འགོ་ཚུགས་མཛད་སྒོ་ཀ་ལ་གྲོང་ཚོར་འཚོགས་པ་རེད། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་ཚོ་མེ་ཏོག་གི་རྒྱ་མཚོ་རྒྱུ་སྟེ་ཁམ་བུའི་མེ་ཏོག་གྲོང་ཚོའི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ལ་ལྟ་བཞིན་དཔྱིད་ཀའི་གྲོང་གསེབ་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བཞིན་ཡོད།
སྣང་རྫོང་གི་ཁམ་བུའི་མེ་ཏོག
ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག
འདི་ནི་ཉིང་ཁྲི་གྲོང་ཁྱེར་གྱི་2019ལོའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅུ་བདུན་པའི་སྣང་རྫོང་ཡན་ལག་ཚོགས་རའི་བྱ་འགུལ་གྱི་ཡུལ་དངོས་རེད།
ཀ་ལ་གྲོང་ཚོའི་ཟུར་ཞིག
ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག
ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1