མིའི་རིགས་ཀྱིས་ནག་ཁུང་གི་འདྲ་པར་ཐོག་མ་བླངས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-12


        ཟླ་4ཚེས་10ཉིན། པེ་ཅིང་ཆུ་ཚོད་21དང་སྐར་མ་07ཐོག མིའི་རིགས་ཀྱིས་ཆེས་ཐོག་མའི་ནག་ཁུང་གི་འདྲ་པར་ངོ་མ་དེ་འཛམ་གླིང་གི་ས་གནས་དྲུག་ནས་དུས་མཉམ་དུ་སྤེལ་བ་རེད། ཀྲུང་གོའི་ཚན་རིག་ཞིབ་འཇུག་ཁང་ཧྲང་ཧའེ་གནམ་དཔྱད་ཁང་“དོན་ཆེན་མཐོང་རྒྱ་རྒྱང་ཤེལ”ལས་གཞིའི་ཚོགས་པ་དང་མཉམ་དུ་གྲུབ་འབྲས་ཆེན་པོ་འདི་ཁྱབ་བསྒྲགས་བྱས་པ་རེད། 

གསར་འགྱུར་ཁྱབ་བསྒྲགས་ཚོགས་འདིའི་ཐོག་ཏུ། རིགས་གཅིག་མཁས་པས་བསྟན་དོན། ཐེངས་འདིར་སྤེལ་བའི་ནག་ཁུང་གི་འདྲ་པར་གྱིས་བུ་མོའི་སྐར་ཚོམ་སྐར་རྒྱུད་ཚོགས་པའི་ནང་གི་སྤུས་ཚད་ཚད་བརྒལ་སྐར་རྒྱུད་Messier87(བསྡུས་མིང་“M87”)ཀྱི་ལྟེ་བའི་ནག་ཁུང་བསྟན་ཡོད་ཅིང་། སའི་གོ་ལ་དང་བར་ཐག་འོད་ལོ་5500ཡོད་ལ། སྤུས་ཚད་ནི་ཉི་མའི་ལྡབ་དུང་ཕྱུར་65ཡོད་པ་རེད། 
        རིགས་གཅིག་མཁས་པས་མཚམས་སྦྱོར་བྱས་དོན། འདྲ་པར་འདིའི་ཁྱད་ཆོས་མང་པོ་ནི་ཨེན་སི་ཐེན་གྱི་ཁྱབ་ཆེ་ལྟོས་བཅས་སྨྲ་བའི་ལུང་བསྟན་དང་ཡོངས་སུ་མཚུངས་པ་དང་། འཐེན་ཤུགས་དྲག་པོའི་ཐལ་ཆེ་བའི་ཁོར་ཡུག་འོག་ཁྱབ་ཆེ་བལྟོས་བཅས་སྨྲ་བ་ར་སྤྲོད་སྔར་ལས་ལྷག་པ་བྱས་ཡོད། འདྲ་པར་འདི་ལ་ཞིབ་འཇུག་བྱས་པར་བརྒྱུད། མིའི་རིགས་ཀྱིས་ནག་ཁུང་དང་འདྲ་བའི་གནམ་གཟུགས་ཀྱི་ངོ་བོ་སྔར་བས་མང་པོ་ངོས་འཛིན་བྱེད་ཐུབ། 

        ཤེས་རྟོགས་བྱུང་བར་གཞིགས་ན། “དོན་ཆེན་མཐོང་རྒྱ་རྒྱང་ཤེལ”ལས་གཞིའི་མཉམ་ལས་ནི་གོ་ལ་ཡོངས་ཀྱི་མཉམ་འབྲེལ་སྒྲིག་གཞི་13གྱིས་གྲུབ་ཡོད་ཅིང་།     ཀྲུང་གོའི་ཚན་རིག་ཁང་གནམ་དཔྱད་ཚན་རིག་ཆེན་མོའི་ལྟེ་གནས(CAMS) ནི་དེའི་གྲུབ་ཆ་ཞིག་ཡིན། 





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1