འཛམ་ཐང་རྫོང་གིས་འདྲུད་འཐེན་ཁ་ལོ་པའི་སློབ་སྦྱོང་འཛིན་གྲྭ་བསྡུས།

ཛམ་ཐང་བ་ལྕགས་མདའ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-15


      འདྲུད་འཐེན་ལ་དོ་དམ་ལུགས་མཐུན་བྱེད་པ་དང་། འདྲུད་འཐེན་ཁ་ལོ་པར་འདྲུད་འཐེན་ཅི་ལྟར་བསྐོར་བའི་ཤེས་བྱའི་སློབ་སྦྱོང་སྤྲད་དེ། ཁ་ལོ་ཆོག་ཡིག་མེད་པར་རང་དགར་འདྲུད་འཐེན་བསྐོར་བའི་བདེ་འཇགས་ཀྱི་ཉེན་ཁ་བསལ་ཆེད་དུ། ཉེ་ཆར། འཛམ་ཐང་རྫོང་གིས་2019ལོའི་ཐེངས་དང་པོའི་འདྲུད་འཐེན་ཁ་ལོ་པའི་གསོ་སྦྱོང་འཛིན་གྲྭ་ཀ་ཐོག་ཡུལ་ཚོར་བསྡུས།
      ཀ་ཐོག་ཡུལ་ཚོའི་མི་150གསོ་སྦྱོང་འཛིན་གྲྭར་ཞུགས་པར་མ་ཟད། འཛམ་ཐང་རྫོང་ཚན་རིག་ལག་རྩལ་དང་ཞིང་ཕྱུགས་ཅུས་ཀྱིས་རྩ་འཛུགས་བགྱིས་པའི་རྒྱུགས་ལའང་ཞུགས། གསོ་སྦྱོང་གི་སྤུས་ཚད་འབུར་དུ་ཐོན་པ་དང་དཔྱད་ཞིབ་ཀྱི་རིམ་པ་ཧྲིལ་བོའི་རེ་འདུན་ལྟར། ཁ་ལོ་པ་རྣམས་ལ་ཉིན་ལྔའི་རིང་གི་རིན་མེད་གསོ་སྦྱོང་སྤྲད། གསོ་སྦྱོང་ལ་ཞུགས་པའི་སློབ་བུ་རྣམས་ཀྱིས་ཡིག་རྒྱུགས་དང་ཞིང་ཁའི་རྩལ་རྒྱུགས་སོགས་ཚད་ལྡན་གྱི་རྒྱུགས་ལ་ཞུགས་པའི་རྗེས་སུ་འདྲུད་འཐེན་ཁ་ལོ་པའི་ལག་ཁྱེར་ལོན་འདུག འདྲུད་འཐེན་ཇི་ལྟར་བསྐོར་བའི་སྐོར་གྱི་ཤེས་བྱ་ཡུལ་དངོས་ནས་དམར་ཁྲིད་བྱས་པ་བརྒྱུད་ཁ་ལོ་པ་རྣམས་ཀྱི་ལག་རྩལ་ཇེ་བཟང་དུ་བཏང་བས། དབུལ་བྲལ་གནད་སྒྲོལ་སོགས་ལ་ཕན་པ་ཆེ་ཙམ་བསྐྲུན།
      ཐེངས་འདིའི་གསོ་སྦྱོང་གིས་ཞིང་ལས་འཕྲུལ་ཆས་ཀྱི་ཁ་ལོ་པ་རྣམས་ཀྱི་ལག་རྩལ་ཇེ་བཟང་དུ་བཏང་བར་མ་ཟད། ཞིང་ལས་འཕྲུལ་ཆས་ཀྱི་དོན་རྐྱེན་ངན་པ་མི་འབྱུང་བར་ཡང་ཕན་པ་བསྐྲུན་ཏོ།།   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1