འཛམ་གླིང་ཡང་རྩེར་བསྲིངས་པའི་གཞུང་ལམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-16



འཛམ་གླིང་ཡང་རྩེར་བསྲིངས་པའི་གཞུང་ལམ།

འདི་ནི་ཡར་ཀླུང་གཙང་པོ་འཕྲེད་དུ་བརྒལ་བའི་རིམ་པ་མཐོན་པོའི་གཞུང་ལམ་རེད།

    བོད་ལྗོངས་སུ་བསྲིངས་པའི་གཞུང་ལམ་ལ་མཁའ་ལམ་ཞེས་པའི་མཚན་སྙན་ཡོད་ཅིང་། གཞུང་ལམ་དེ་བརྒྱུད་པའི་ས་ཁུལ་གྱི་མཚོ་འཕགས་ཧ་ཅང་མཐོན་པོ་ཡིན་པས་ཆ་སྙོམས་སྨི་སྟོང་བཞི་ལས་བརྒལ་བས་ནམ་མཁའ་དང་འབྲེལ་བའི་ཚོར་སྣང་ཡོད་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ད་ལྟའི་བར་རྒྱལ་ཁབ་ཀྱིས་བླ་ན་མེད་པའི་མཐོང་ཆེན་དང་རྒྱབ་སྐྱོར་བྱས་འོག མི་རབས་ནས་མི་རབས་བར་དུ་ལམ་ལས་མཁན་བཟོ་པ་ཚོས་རྒྱུན་ཆད་མེད་པར་འབད་བརྩོན་ལྷོད་མེད་བྱས་པར་བརྒྱུད་ད་ལྟར་བོད་དུ་བསྲིངས་པའི་གཞུང་ལམ་ཉིན་རེ་བཞིན་སྟབས་བདེ་མོ་བྱུང་དང་འབྱུང་བཞིན་ཡོད་པ་རེད། ཞིན་ཅང་དང་བོད་ལྗོངས་བར་གྱི་གཞུང་ལམ་དང་ཡུན་ནན་ནས་བོད་ལྗོངས་བར་གྱི་གཞུང་ལམ་གཅིག་རྗེས་གཉིས་མཐུད་དུ་བསྐྲུན་པ་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་པ་མཐོན་པོའི་གཞུང་ལམ་དང་ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་རིམ་པ་མཐོན་པོའི་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་བྱུང་བར་བརྒྱུད། ད་ལྟར། ཕྱོགས་བཞི་མཚམས་བརྒྱད་ལ་འགྲོ་བདེ་བའི་གཞུང་ལམ་དེ་བོད་ལྗོངས་དང་ནང་ལོགས་ས་ཁུལ་བར་འབྲེལ་བ་དམ་པོ་བྱས་ཡོད་ཅིང་། འཕྲེད་གཞུང་སྣོལ་མར་གནས་པའི་གཞུང་ལམ་གྱིས་བོད་ལྗོངས་ཀྱི་ཁྱིམ་ཚང་མང་པོའི་བདེ་སྐྱིད་ཀྱི་འཚོ་བ་དང་འབྲེལ་འདྲིས་དམ་པོ་ཆགས། བོད་ལྗོངས་དམངས་གཙོ་བཅོས་བསྒྱུར་བྱས་ནས་ལོ60འཁོར་བ་ནས་བཟུང2018ལོའི་ལོ་མཇུག་ཏུ་བསླེབས་དུས་ལྗོངས་ཡོངས་ཀྱི་གཞུང་ལམ་རིང་ཚད་བསྡོམས་འབོར་སྤྱི་ལེ་ཁྲི9.78ལ་ཟིན་ནས་འཛམ་གླིང་ཡང་རྩེ་དེ་ཕྱི་རོལ་ཡུལ་དང་ཐག་ཇེ་ཉེ་རུ་ཕྱིན་དང་འགྲོ་བཞིན་ཡོད་པ་རེད། །

འཛམ་གླིང་ཡང་རྩེར་བསྲིངས་པའི་གཞུང་ལམ།
འདི་ནི་འཛུགས་སྐྲུན་བྱེད་བཞིན་པའི་ལྷ་ས་ནས་ནག་ཆུ་བར་གྱི་རིམ་པ་མཐོན་པོའི་གཞུང་ལམ་རེད།

འཛམ་གླིང་ཡང་རྩེར་བསྲིངས་པའི་གཞུང་ལམ།
འདི་ནི་ཇོ་མོ་གླང་མའི་ཕྱོགས་སུ་བསྲིངས་པའི་གཞུང་ལམ་རེད།

འཛམ་གླིང་ཡང་རྩེར་བསྲིངས་པའི་གཞུང་ལམ།
འདི་ནི་ལྷ་ས་གྲོང་ཁྱེར་ནང་གི་གཞུང་ལམ་དྲ་བ་རེད།

འཛམ་གླིང་ཡང་རྩེར་བསྲིངས་པའི་གཞུང་ལམ།
འདི་ནི་དུས་རིམ་གསུམ་པར་བསྐྲུན་པའི་ཉིང་ཁྲིའི་ཡན་ཀོང་ཟམ་ཆེན་རེད།

འཛམ་གླིང་ཡང་རྩེར་བསྲིངས་པའི་གཞུང་ལམ།
འདི་ནི་ལྷ་སའི་ནུབ་ཕྱོགས་གྲོང་འདབས་སུ་བསྐྲུན་པའི་ལངས་གཟུགས་ སྣོལ་མའི་ཟམ་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1