ཨ་སྐྱིད་འབྲོག་ནས་བཅའ་ཁྲིམས་སྲིད་ཇུས་སྒྲོག་འགྲེལ་བྱ་འགུལ་སྤེལ།

ཨོ་རྒྱན་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-17



        ཉེ་ལམ། མཛོད་དགེ་རྫོང་བཅའ་ཁྲིམས་སྲིད་ཇུས་སྒྲོག་འགྲེལ་འགོ་ཁྲིད་རྩ་འཛུགས་ཚོ་ཆུང་གིས། རྫོང་སྤྱི་བདེ་ལས་ཁུངས་དང་། ཁྲིམས་འཛིན་ཅུས། དམངས་སྲིད་ཅུས་སོགས་ཀྱི་རྐང་འཛིན་མི་སྣ་རྩ་འཛུགས་བྱས་ཏེ། ཨ་སྐྱིད་འབྲོག་ནས་རྒྱ་ཆེའི་མང་ཚོགས་ལ་བཅའ་ཁྲིམས་སྲིད་ཇུས་སྒྲོག་འགྲེལ་གྱི་བྱ་འགུལ་སྤེལ།


        སྒྲོག་འགྲེལ་མི་སྣ་དག་གིས་ཐབས་ཤེས་སྣ་མང་སྤྱད་དེ། ཁ་གསལ་ལ་གོ་སླ་བའི་སྒོ་ནས་འབྲོག་པ་མང་ཚོགས་ལ་བདེ་འཇགས་དོ་དམ་ཆད་གཅོད་ཁྲིམས་ལུགས་དང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས། གཉེན་སྒྲིག་བཅའ་ཁྲིམས། བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་སོགས་རྒྱ་ཆེའི་མང་ཚོགས་དང་ཁ་ཐག་ཉེ་བའི་བཅའ་ཁྲིམས་ཤེས་བྱ་སྒྲོག་འགྲེལ་བྱས་ཏེ། གོང་གི་བཅའ་ཁྲིམམས་ཤེས་བྱ་འདི་དག་དུས་རྒྱུན་རྒྱུན་འཁྱོངས་བྱེད་དགོས་པ་བསྟན།

        ཐེངས་འདིའི་སྒྲོག་འགྲེལ་བྱ་འགུལ་ལ་ཁྱོན་དྲིལ་བསྒྲགས་ཡིག་ཆ་ཚར་300དང་། ཁྲིམས་ལུགས་ཁྱལ་གདལ་ཐོན་རྫས་300བཅས་རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་འགྲེམ་སྤེལ་གནང་ཡོད་དོ། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1