ཝང་དབྱང་གིས་ཧི་ནན་གྱི་བྱ་བར་རྟོག་ཞིབ་མཛད།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭའི་དྲ་བ། སྤེལ་དུས། 04-19


            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ལམ་ཧི་ནན་གྱི་ཆོས་ལུགས་བྱ་བར་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཏང་གི་ཆོས་ལུགས་བྱ་བའི་ཐད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པ། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་དོ་དམ་བྱེད་མི་འདོད་པ་དང་དོ་དམ་བྱེད་མི་ཕོད་པ། དོ་དམ་མི་བྱེད་པའི་གནད་དོན་ཐག་བཅད་དེ། ཧུར་ཐག་གིས་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གི་མཐའ་སྐོར་དུ་མཐུན་སྒྲིལ་བྱེད་དགོས་ཟེར།
            ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་བདུན་ཉིན་བར། ཝང་དབྱང་སྔ་གཞུག་ཏུ་ཁའེ་ཧྥུན་དང་ཀྲཱིག་ཁུག ཀྲིན་ཀྲིག་སོགས་ས་ཆའི་ཞིང་སྡེའི་གཞི་རིམ་དང་ཆོས་ལུགས་བྱ་འགུལ་སྤེལ་ས་རུ་ཕེབས་ནས་གནས་ཚུལ་ལ་རྒྱུས་ལོན་མཛད་པ་མ་ཟད། འགོ་མཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཆོས་ལུགས་ལས་རིགས་ཀྱི་མི་སྣའི་བསམ་འཆར་ལ་ཉན། ཝང་དབྱང་གིས་ཧི་ནན་གྱིས་ཏང་ཀྲུང་དབྱང་གི་གནས་བབ་གསར་བའི་འོག་གི་ཆོས་ལུགས་བྱ་བའི་ཐད་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོང་གིས་བསྟན་དོན། ཆོས་ལུགས་བྱ་བས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ཁྲོད་དམིགས་བསལ་གྱི་གལ་ཆེན་རང་བཞིན་ཟིན་པས། རིམ་པ་སོ་སོའི་ཏང་ཨུས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ། ཆོས་ལུགས་བྱ་བའི་སྟོབས་ཤུགས་ཆེར་སྐྱེད་པ། བྱ་བའི་འགན་འཁྲི་གསལ་བོ་བྱེད་པ། གཙོ་གཞི་རྫོང་དུ་ཡོད་པ་དང་ཞང་དུ་རྒྱུན་བསྲིང་བ། སྡེ་བ་ནས་ལག་བསྟར་བྱེད་པ། ཚད་ལྡན་དུ་གཏོང་བའི་བྱ་བའི་དྲ་རྒྱ་བཙུགས་ཏེ། ཆོས་ལུགས་བྱ་བར་དམ་འཛིན་དང་དོ་དམ་བཟང་བོ་བྱེད་པར་ཁག་ཐེག་བྱེད་དགོས། གཞི་རམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་རྩོལ་ནུས་དང་ཞབས་ཞུའི་རྩོལ་ནུས་ཁྱོན་ཡོངས་ནས་མཐོར་འདེགས་བྱེད་པ་དང་། ལྷག་བསམ་རྣམ་དག་གིས་མང་ཚོགས་ལ་རོགས་བྱས་ནས་དཀའ་ཁག་སྣ་ཚོགས་ཐག་གཅོད་པ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མང་ཚོགས་ཀྱིས་ཆོས་ལུགས་དད་མོས་ལ་ལྟ་སྟངས་ཡང་དག་འཛིན་པར་སྣེ་ཁྲིད་བྱས་ནས། རང་རྟོགས་སྒོས་ཆོས་ལུགས་བེད་སྤྱད་དེ་ཁྲིམས་འགལ་ལུགས་འགལ་གྱི་བྱ་འགུལ་སྣ་ཚོགས་སྤེལ་བར་བཀག་འགོག་བྱེད་དགོས། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་ཆོས་ལུགས་བྱ་བ་སྤེལ་བ་དང་། ཁྲིམས་མཐུན་ལ་སྲུང་སྐྱོབ་བྱེད་པ་དང་ཁྲིམས་འགལ་ལ་བཀག་འགོག་བྱེད་པ། ཐལ་སྤྱོད་དང་སིམ་འཛུལ་ལ་ཚོད་འགོག་བྱེད་པ། ནག་ཉེས་བཟོ་བར་རྡུང་རྡེག་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། གནས་ཚུལ་དང་གནད་དོན་མི་འདྲ་བར་ཁ་གཏད་དེ་བྱེད་ཐབས་མི་འདྲ་བ་སྤྱད་དེ། རྩ་བ་དང་རྨང་གཞི། ཡུན་རིང་ལ་དོ་དམ་བྱེད་པའི་བྱེད་ཐབས་མང་པོ་འཚོལ་ཞིབ་བྱེད་དགོས། ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཕན་ཡོད་བྱེད་ཐབས་འཚོལ་ཞིབ་བྱས་ནས། ཆོས་ལུགས་རང་རྒྱལ་གྱི་སྤྱི་ཚོགས་ལམ་ལུགས་དང་སྤྱི་ཚོགས་ཀུན་སྤྱོད། སྤྱི་ཚོགས་རིག་གནས་དང་་མཐུན་པར་བྱེད་པར་སྣེ་ཁྲིད་བྱེད་དགོས། ཆོས་ལུགས་ཚོགས་ཁག་གིས་རང་སྟེང་འཛུགས་སྐྲུན་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་པ་དང་། ཆོས་ལུགས་ནང་ཁུལ་གྱི་ལས་སྒོ་ལ་དོ་དམ་བྱེད་པ་དང་དད་ལྡན་མང་ཚོགས་ལ་འབྲེལ་འདྲིས་དང་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོར་འདེགས་གཏོང་བ། ཆོས་ལུགས་སློབ་གླིང་བཟང་བོར་བསྒྲུབ་པ། གཞི་རིམ་ཆོས་ལུགས་སྤེལ་སར་ཚད་ལྡན་གྱི་ཆོས་ལུགས་དགེ་རྒན་སྔར་ལས་མང་པོ་སྐྱེལ་བར་དོ་སྣང་བྱས་ཏེ། ཆོས་ལུགས་མི་འདྲ་བ་སྣ་ཚོགས་བདེ་ཐང་དང་སྒྲིག་ལམ་ཡོད་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ས་ཆ་སོ་སོའི་བྱ་བའི་ཁྲོད་ཀྱི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་སྤྱི་སྡོམ་དང་ཁྱབ་གདལ་དུ་བཏང་སྟེ། ཆོས་ལུགས་བྱ་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་བྱེད་དགོས་ཟེར།
            ཝང་དབྱང་གིས་ད་དུང་ལན་ཁོ་རྫོང་གི་དབུལ་སྐྱོར་ཁེ་ལས་ལ་ལྟ་ཞིབ་བྱས་པ་དང་། དབུལ་ཕོངས་མང་ཚོགས་ལ་འཚམས་འདྲི་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1