སྙེ་མོ་རྫོང་གི་མང་ཚོགས་ཀྱིས་བཟོ་ཁང་ནང་སྲོལ་རྒྱུན་གྱི་ལག་ཤེས་ཐོན་རྫས་བཟོ་བཞིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 04-22



སྤེལ་དུས 2019-04-19 ཡོང་ཁུངས། c རྩོམ་པ་པོ།

འདི་ནི་བོད་ལྗོངས་ཀྱི་ཁག་དང་པོའི་མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར་གྱི་ལས་ཞུགས་བཟོ་ཁང་སྟེ་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར་གྱི་ལས་ཞུགས་བཟོ་ཁང་བཙུགས་རྗེས་མང་ཚོགས་ཀྱིས་བཟོ་ཁང་ནང་སྲོལ་རྒྱུན་གྱི་ལག་ཤེས་ཐོན་རྫས་བཟོ་བཞིན་པ།
          ཉེ་བའི་ལོ་ཤས་ནང་རྒྱལ་ཡོངས་ཀྱི་སྤུན་ཟླའི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)མང་པོས“མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར”ཟུང་དུ་འབྲེལ་བའི་ལས་ཀའི་རྣམ་པ་འཚོལ་ཞིབ་དང་ལག་ལེན་ཤུགས་ཆེན་བསྟར་བས་དཔེ་མཚོན་གྱི་ཉམས་མྱོང་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། 2018ལོའི་ཟླ་7པར་རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུས་མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར་གྱི་ལས་ཞུགས་བཟོ་ཁང་གི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་བྱས་པ་དང་སྦྲགས“མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར”ཟུང་དུ་འབྲེལ་བའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད་པ་རེད། སྙེ་མོ་རྫོང་ནི་རྒྱལ་ཡོངས་ཀྱི་ཁག་དང་པོའི“མངོན་མིན་རིག་གནས་ཤུལ་བཞག་དང་དབུལ་སྐྱོར”ཟུང་དུ་འབྲེལ་བའི་གཙོ་གནད་རྒྱབ་སྐྱོར་ས་ཁུལ་གྱི་གྲས་ཤིག་ཡིན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1