2018ལོར་བོད་ཀྱིས་གཙོ་གནད་རིག་དངོས་སྲུང་སྐྱོང་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་5ལས་བརྒལ་བ་བཏང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-22


        ཟླ་4ཚེས་18ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་གསལ། 2018ལོར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་5ལྷག་ཕོ་བྲང་པོ་ཏ་ལ་དང་། བསམ་ཡས་དགོན། མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་གནས་ཡུལ་རྙིང་པ།  སྤོ་བོ་ཁྲབ་རྨོག་ལྟེ་བའི་རྫོང་ཨུད་ཐོག་ཁང་དམར་པོ་སོགས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་དུ་སྲུང་སྐྱོང་བཀོལ་སྤྲོད་ལས་དོན་སྤེལ་བ་རེད། བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཅུས་ཀྲང་ལེའུ་ཧྲེ་ཀྲུང་གིས། 2018ལོར་རྒྱལ་ཁབ་ཀྱིས་རིག་དངོས་སྲུང་སྐྱོང་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་4.59བཀོད་སྒྲིག་བྱས་པ་དང་། རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པའི་སྲུང་སྐྱོང་རྣམ་གྲངས་55སྤེལ་བས། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་1.18བཀོད་སྒྲིག་བྱས་ནས། རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པའི་སྲུང་སྐྱོང་རྣམ་གྲངས་30སྤེལ་བ་རེད།


  གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།  དེ་གོང་གི་གཙོ་གནད་རིག་དངོས་སྲུང་སྐྱོང་རྣམ་གྲངས་བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་ལ་ཁྱབ་ཡོད་ཅིང་། ནང་དོན་རིག་དངོས་ཀྱི་གཙོ་ཆེའི་གྲས་ཉམས་གསོ་དང་། བདེ་འཇགས་ཉེན་ཟོན།  མེ་ཟོན།  གཞི་གྲངས་ཆེན་པོའི་ལྟ་ཞིབ་ཚད་ལེན་དང་འགྲེམས་སྟོན་བེད་སྤྱོད་བཅས་དང་འབྲེལ་བ་ཡོད། མིག་སྔའི་བར།  སྐྲུན་བཞིན་པའི་རྣམ་གྲངས་78དང་། ལས་མཇུག་འབྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་པའི་རྣམ་གྲངས་23མ་འཇོག་ལེགས་སྒྲུབ་སྒོར་དུང་ཕྱུར་4.26བཅས་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1