པོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱི་མཱ་ནེ་ལཱའི་གྲོས་ཚོགས་སྤེལ་མགོ་བརྩམས།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 04-24


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱིས་གཙོ་སྒྲུབ་བྱས་པ་དང་ཧྥེ་ལེ་པེན་ཀྲུང་གོ་བའི་ཚོང་འབྲེལ་སྤྱི་ཁྱབ་ཚོགས་པ་སོགས་ཧྥེ་ལེ་པེན་རྒྱལ་ཡོངས་རང་བཞིན་གྱི་བཟོ་ཚོང་རྩ་འཛུགས་བཅས་ཀྱིས་མཉམ་འབྲེལ་སྒྲུབ་རོགས་བྱས་པའི་པོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱི་མཱ་ནེ་ལཱའི་གྲོས་ཚོགས་དེ་ཚེས22ཉིན་ཧྥེ་ལེ་པེན་གྱི་རྒྱལ་ས་མཱ་ནེ་ལཱ་ནས་ཚོགས་མགོ་བརྩམས། ཐེངས་འདིའི་གྲོས་ཚོགས་ནི་པོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱིས་པོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ལས་འཛིན། ཧྥེ་ལེ་པེན་དམངས་གྲོས་ཁང་གི་གྲོས་དཔོན་ཨ་ལོ་ཡོ་ཡིས་གདན་དྲངས་པ་ལྟར་སྤེལ་བ་ཡིན་ལ། དེ་ནི་པོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་བཙུགས་ནས་ལོ་ངོ18རིང་ཐོག་དང་པོར་ཧྥེ་ལེ་པེན་ནས་སྤེལ་བ་རེད། གྲོས་ཚོགས་དེས་མཉམ་དུ་འགུལ་སྐྱོད་སྤེལ་ནས་དུས་རབས་གསར་བའི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཞེས་པ་བརྗོད་སྙིང་དུ་བཟུང་ཡོད་ལ། གྲོས་ཚོགས་དེ་ཚེས23ཉིན་གྲོལ་རྒྱུ་རེད། 

        ཧྥེ་ལེ་པེན་སཱ་ཨར་ཝ་ཏའོ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། ཉེ་སྔོན་གྲོལ་བའི་པོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་དགུ་ལོའི་ལོ་ཚོགས་སྟེང་། ཕྱོགས་ཁག་སོ་སོའི་འཐུས་མིས་ཐུན་མོང་འགུལ་སྐྱོད་སྤེལ་ནས་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་ཐུན་མོང་ལྟ་ཚུལ་གལ་ཆེན་བཀོད་ཡོད། མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་བརྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སྟེང་། རྒྱལ་ཁབ་སོ་སོས་ཐེངས་སྔོན་མའི་གླེང་སྟེགས་ཚུན་གྱི་གྲུབ་འབྲས་གལ་ཆེན་ལ་སྤྱི་བསྡོམས་བྱེད་རྒྱུ་རེད། ཧྥེ་ལེ་པེན་གྱིས་གྲོགས་པོ་ཚོ་དང་མཉམ་དུ་བརྒྱུད་གཅིག་ལམ་གཅིག་ལ་སྐུལ་འདེད་གཏོང་བར་དགའ་སྤྲོས་ཁེངས་ཡོད། དེ་ནི་ཨེ་ཤ་ཡཱ་ནང་ཁུལ་གྱི་མཉམ་འབྲེལ་ཙམ་མ་ཡིན་པར། ཨེ་ཤ་ཡཱ་དང་འཛམ་གླིང་གི་བརྗེ་རེས་ལའང་ཡར་སྐུལ་བཏང་ཡོད་ལ། ཧྥེ་ལེ་པེན་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་སྤེལ་བར་རོགས་འདེགས་ཀྱི་ནུས་པ་ཐོན་ངེས་རེད་ཟེར། 
        པོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱི་དྲུང་ཡིག་ཁྲུའུ་ཡིས་མཚམས་སྦྱོར་བྱས་དོན། ཧྥེ་ལེ་པེན་གླེང་སྟེགས་ཐོག་མར་འདོན་མཁན་དང་ཀྲུང་གོ་དང་ཨེ་ཤ་ཡཱའི་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བའི་མཐུན་སྦྱོར་རྒྱལ་ཁབ་ཡིན་པའི་ཆ་ནས། ཐེངས་འདིའི་གྲོས་ཚོགས་ལ་མཐོང་ཆེན་བྱེད་བཞིན་ཡོད། ཧྥེ་ལེ་པེན་ཕྱོགས་ཀྱི་རྩ་འཛུགས་འོག ཐེངས་འདིའི་པོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱི་མཱ་ནེ་ལཱའི་གྲོས་ཚོགས་ཀྱི་ཚོགས་ཞུགས་འཐུས་མི་ལྔ་བརྒྱ་དང་རེ་གསུམ་ལ་བསླེབ་ཡོད་པ་དང་། དེའི་ནང་ཧྥེ་ལེ་པེན་གྱི་ལས་ཁུངས་དང་ཁེ་ལས70ལྷག་གི་འཐུས་མི220ཡོད་ཟེར། 
        པོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱི་མཱ་ནེ་ལཱའི་གྲོས་ཚོགས་ཀྱི་དམིགས་ཡུལ་ནི་ཀྲུང་གོའི་ཁེ་ལས་པས་ཧྥེ་ལེ་པེན་གྱི་དཔལ་འབྱོར་གནས་བབ་དང་དངུལ་གཏོང་ཚོང་གཉེར་ཁོར་ཡུག ཚོང་འགུག་དངུལ་འདྲེན་སྲིད་ཇུས་བཅས་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཅིག་པར་ཧྥེ་ལེ་པེན་དུ་འཚམས་འདྲི་བྱས་ཏེ་ཙུང་ཐུང་ཏུའུ་ཐི་ཨར་ཐི་དང་མཉམ་དུ་ཀྲུང་གོ་དང་ཧྥེ་ལེ་པེན་གྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་འབྲེལ་བ་འཛུགས་པའི་སྐོར་གྱི་ཐུན་མོང་ལྟ་ཚུལ་དངོས་འབེབ་གང་ལེགས་བྱེད་པ་དང་། བརྒྱུད་གཅིག་ལམ་གཅིག་གི་འདོད་བློ་དེ་ཧྥེ་ལེ་པེན་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་གང་ལེགས་བྱེད་པར་སྐུལ་འདེད་གཏོང་བའི་ཆེད་དུ་རེད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1