བློ་མཐུན་འཆི་མེད་རྡོ་རྗེའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-25


        སྤྱི་ཚེས་24ཉིན་གྱི་ཕྱི་དྲོར།  “དུས་རབས་ཀྱི་མིག་དཔེ་”སྟེ་བློ་མཐུན་འཆི་མེད་རྡོ་རྗེའི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ཁྲེན་ཏུའུ་ཅིན་ཉིའུ་མགྲོན་ཁང་དུ་འཚོགས།  སྙན་ཞུ་ཚོགས་འདུ་མ་འཚོགས་པའི་སྔོན་དུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་སྙན་ཞུ་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་། 


            ཕེང་ཆིང་ཧྭ་ཡིས་ཞིང་ཆེན་ཏང་ཨུའི་ཚབ་མཛད་དེ་འཆི་མེད་རྡོ་རྗེ་དང་གཞི་རིམ་དུ་འབད་པ་ལྷུར་ལེན་གྱིས་ལས་ཀ་སྒྲུབ་བཞིན་པའི་རྒྱ་ཆེ་ལས་བྱེད་པ་ཡོངས་ལ་འཚམས་འདྲི་བྱས། ཁོང་གིས་བློ་མཐུན་འཆི་མེད་རྡོ་རྗེ་ཡིས་ལོ་ངོ་སུམ་ཅུའི་རིང་ལ་ལང་ཚོ་དང་རྔུལ་ཆུས་སྦྲག་སྐྱེལ་གྱི་ལས་ཀ་གཉེར་ཞིང་། བློ་དཀར་གཞུང་དྲང་གིས་འོས་འགན་ལེགས་པོར་འགྲུབ། ཁོས་ཆེས་སྤྱིར་བཏང་གི་ལས་གནས་སྟེང་སྤྱིར་བཏང་མ་ཡིན་པའི་གྲུབ་འབྲས་བླངས་པས་ཁོ་ནི་མིང་དོན་མཚུངས་པའི“དུས་རབས་ཀྱི་མིག་དཔེ”དང་སི་ཁྲོན་མི་དམངས་ཀྱི་ང་རྒྱལ་རེད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་འཆི་མེད་རྡོ་རྗེ་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་ནས་ཁོའི་འགྱུར་བ་མེད་པའི་དད་འདུན་དང་ཏང་ལ་བློ་དཀར་བའི་ཆབ་སྲིད་ཀྱི་གཤིས་སྤྱོད། དུས་རབས་ཀྱི་འོས་འགན་ཆུད་དུ་མི་ཟ་ཞིང་འགན་ཁུར་ཕོད་པའི་འདུ་ཤེས། རང་འགན་ནན་སྒྲུབ་དང་སྒེར་སེམས་མེད་པའི་དམངས་ལ་བཅངས་པའི་བརྩེ་སེམས་བཅས་ལ་སློབ་སྦྱོང་བྱས་ཏེ་སྔར་ལས་བརྩོན་སེམས་ཆེན་པོས་དུས་རབས་གསར་པར་ཞུགས་པ་དང་རྒྱང་སྐྱོད་གསར་པ་རྒྱ་བསྐྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩྭ་འཛུགས་ཀྱིས་སྔོན་ཐོན་བྱས་རྗེས་ཀྱི་དྲིལ་བསྒྲགས་དེ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་དང་“གཅིག་སློབ་གཉིས་བྱེད”ཀྱི་སློབ་སྦྱོང་དང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་གཏོང་བ། མི་འགྱངས་པར་སྤེལ་འཆར་ཡོད་པའི་“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་ངེས་པའི”བརྗོད་དོན་སློབ་གསོའི་བྱེད་སྒོ་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཡོངས་སུ་སྔོན་ཐོན་ལ་སློབ་སྦྱོང་དང་སྔོན་ཐོན་ལ་བསྡུར་གཤིབ། སྔོན་ཐོན་གྱི་རྗེས་ཆོད་པར་བྱེད་པའི་ཁ་དབུགས་ཆགས་པར་བྱ་དགོས་ཞེས་བསྟན།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1