ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་རིག་མཛོད་མཉམ་ལས་ཨུ་ཡོན་ལྷན་ཁང་འཛུགས་པའི་གྲོས་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 04-26


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་རིག་མཛོད་མཉམ་ལས་ཨུ་ཡོན་ལྷན་ཁང་འཛུགས་པའི་གྲོས་ཚོགས་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་ཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་། 
        ཞི་ཅིན་ཕིང་གིས་བསྟན་དོན། ལོ་རྒྱུས་ཀྱི་འཕེལ་རྒྱས་དང་དཔལ་ཡོན་གྱི་དར་རྒྱས། མིའི་རིགས་ཀྱི་ཡར་ཐོན་བཅས་སྔོན་ཐོན་གྱི་བསམ་བློའི་སྣེ་ཁྲིད་དང་འབྲལ་ཐབས་མེད། རྒྱུད་གཅིག་ལམ་གཅིག་གྲོས་གཞིའི་འབྱུང་ཁུངས་ཀྲུང་གོ་ཡིན་ལ། གཏོགས་པ་འཛམ་གླིང་ལ་གཏོགས། ཕྱོགས་སོ་སོས་མཉམ་དུ་འབད་འཐབ་བྱས་འོག རྒྱུད་གཅིག་ལམ་གཅིག་དེ་སྒོ་འབྱེད་ཁོངས་ཡངས་ཀྱི་རྒྱལ་སྤྱིའི་མཉམ་ལས་སྟེགས་བུ་དང་དགའ་བསུ་ཐོབ་པའི་འཛམ་གླིང་གི་སྤྱི་མཐུན་ཐོན་རྫས་སུ་གྱུར་ཡོད། རིག་མཛོད་ནི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་སྟོབས་ཤུགས་གལ་ཆེན་ཡིན་ལ། རིག་མཛོད་ཀྱི་བརྗེ་རེས་མཉམ་ལས་སྤེལ་ན། ཡིད་རྟོན་ཇེ་ཟབ་ཏུ་གཏོང་བ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བར་རོགས་འདེགས་བྱེད་ཐུབ་པར་མ་ཟད། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དེ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་ཐུབ་ཟེར། 
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་རིག་མཛོད་མཉམ་ལས་ཨུ་ཡོན་ལྷན་ཁང་བཙུགས་རྗེས། རྒྱལ་ཁབ་སོ་སོའི་རིག་མཛོད་བར་གྱི་བསམ་བློའི་གྲོས་མོལ་ལ་ཤུགས་སྣོན་པ་དང་། ཇུས་ཆོད་བློ་འདྲི་བྱེད་པའི་ཐད་སྟེགས་བུ་གལ་ཆེན་འདོན་སྤྲོད་བྱེད་ཐུབ། མཉམ་ལས་ཨུ་ཡོན་ལྷན་ཁང་གིས་རིག་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་། སྤུས་ཚད་སྔར་ལས་མཐོ་པའི་ཞིབ་འཇུག་གྲུབ་འབྲས་བླངས་ནས། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པར་བྱས་རྗེས་འཇོག་དགོས་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1