སི་ཁྲོན་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་པ་ཁྲེན་ཏུའུ་རུ་འཚོགས།

ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-28


ཚོགས་རའི་ཡུལ་དངོས།
        སྤྱི་ཟླ་4པའི་ཚེས་27ཉིན་གྱི་སྔ་དྲོར།  སི་ཁྲོན་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་པ་ཁྲེན་ཏུའུ་རུ་འཚོགས།  བོད་ལྗོངས་དང་མཚོ་སྔོན།  ཡུན་ནན།  ཀན་སུའུ།  པེ་ཅིན།  སི་ཁྲོན་སོགས་ནས་ཕེབས་པའི་ཆེད་མཁས་པ་བརྒྱ་ཕྲག་ལྷག་ཚོགས་འདུར་ཞུགས།  སི་ཁྲོན་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་གླིང་དང་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་སྔོན་གྱི་ཚོགས་གཙོ་ཡངས་གླིང་རྡོ་རྗེས་འགོ་ཚུགས་མཛད་སྒོ་ལ་ཤིས་ཚིག་ཕུལ་བར་མ་ཟད།  ཁོང་གིས་སི་ཁྲོན་བོད་རིག་པ་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་སློབ་སྦྱོང་གི་གནས་ཚུལ་དང་རིག་གཞུང་གི་བྱ་འགུལ་སྤེལ་ཚུལ།  དེང་དུས་རྒྱལ་ཕྱི་ནང་གི་བོད་རིག་པའི་ཞིབ་འཇུག་གི་འཕེལ་རྒྱས་གནས་བབ།  ད་དུང་ལྷན་ཚོགས་ལ་འཕྲད་པའི་གནས་དོན་ཁ་ཤས་དང་ལྷན་ཚོགས་ཀྱི་མ་འོངས་པའི་ལམ་ཕྱོགས་སོགས་ཕྱོགས་ལྔ་ནས་རྒྱུན་ལས་ལྷན་ཚོགས་ཀྱི་ལས་ཀའི་སྙན་ཞུ་ཕུལ་བ་རེད། 
ཡངས་གླིང་རྡོ་རྗེས་གསུང་བཤད་གནང་བཞིན་པ།
        ཡངས་གླིང་རྡོ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཐད་ཀྱི་འཆད་ཁྲིད་གཏིང་ཟབ་གནང་བ་ལ་དྲིན་དྲན་པ་དང་།  འདི་ནི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད་ལ།  ཀྲུང་གོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག  བོད་རིག་པའི་ལས་དོན་སོགས་ལ་ཁ་ཕྱོགས་གསལ་པོ་བསྟན་པར་མ་ཟད།  འོས་འགན་དང་བླང་བྱ་ཡང་བསྟན་ཡོད།  སི་ཁྲོན་ཞིང་ཆེན་བོད་རིག་པའི་ལྷན་ཚོགས་ཀྱིས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་དང་བོད་རིག་པའི་འཕེལ་རྒྱས་ལ་ནུས་པ་གདོན་རྒྱུ་ནི།  ང་ཚོས་ཕྲག་ཏུ་འཁུར་འོས་པའི་འགན་འཁྲི་དང་ལས་དོན་ཞིག་རེད།  དེ་བས་ང་ཚོས་དུས་རབས་འདི་ལའང་དྲིན་དྲན་བྱ་དགོས་ཞེས་བསྟན། །

མདུན་སྟེགས།
        རྒྱུས་ལོན་བྱུང་བ་ལྟར་ན།  མ་འོངས་ཉིན་གསུམ་གྱི་རིང་ལ་རྒྱལ་ཡོངས་ས་གནས་ཁག་ནས་ཕེབས་པའི་ཆེད་མཁས་པ་རྣམས་ཀྱིས་རྩ་དོན་གཙིགས་སུ་འཛིན་ནས་བོད་རིག་པའི་གནས་བབ་དང་མ་འོངས་པའི་ཁ་ཕྱོགས་ལ་གསུང་གླེང་གཏིང་ཟབ་གནང་རྒྱུ་རེད། །

ཚོགས་ར།

      

ཚོགས་རའི་ཟུར་ཞིག
ཡངས་གླིང་རྡོ་རྗེ་དང་ལིའུ་ཧྲན་མུ་ལི་ནས་ཕེབས་པའི་ཚོགས་ཞུགས་མི་སྣའི་མཉམ་པར།
   
མཉམ་པར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1