འཛམ་ཐང་རྫོང་དུ་བོད་ལྭ་འཚེམ་བཟོའི་གསོ་སྦྱོང་སྤེལ།

ཚུལ་ཁྲིམས་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་ད྄ར སྤེལ་དུས། 04-29



       ཉེ་ཆར། འཛམ་ཐང་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་གཙང་ཁོག་ཡུལ་ཚོའི་ཏང་སྲིད་གཉིས་ཀྱིས་མཉམ་འབྲེལ་བྱས་ནས་གཙང་ཁོག་ཡུལ་ཚོའི་དབུ་ལུང་སྡེ་བར་དབུལ་ཕོངས་ཨ་མར་སྨད་གཡོག་དང་ཕུར་ཤུབས་སོགས་འཚེམ་བཟོ་བྱེད་པའི་གསོ་སྦྱོང་སྤྲད།
      གསོ་སྦྱོང་འཛིན་གྲྭར་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ས་གནས་ཀྱི་ཕུལ་བྱུང་འཚེམ་བཟོ་དགེ་རྒན་ཆེད་དུ་གདན་དྲངས་ནས་སློབ་ཁྲིད་བྱས། གསོ་སྦྱོང་དུ་འཚེམ་བཟོའི་སྐོར་གྱི་གཞུང་ལུགས་སློབ་ཁྲིད་བྱས་པར་མ་ཟད། དངོས་སུ་ཇི་ལྟར་འཚེམ་བཟོ་དགོས་པའི་སྐོར་དང་། ཇི་ལྟར་རས་རྒྱུ་གདམ་པ་དང་ཆེ་ཆུང་ཇི་ལྟར་འཇལ་བ་སོགས་ཁྲིད་ཅིང་། སློབ་མ་རྣམས་ཀྱིས་བློ་རྩེ་གཅིག་བསྒྲིམས་ཀྱིས་སློབ་ཁྲིད་ལ་ཉན་པར་མ་ཟད། འཚེམ་བཟོའི་བྱ་བར་དངོས་སུ་ཞུགས། འཚེམ་བཟོའི་ལས་ཀར་བརྟེན་ཏེ་ཡོང་སྒོ་འཚོལ་བ་འདིས། དབུལ་ཕོངས་ཀྱི་རྣམ་པ་བསྒྱུར་བར་ཕན་ངེས་རེད།  

      རྒྱུས་ལོན་པ་ལྟར་ན། དབུལ་ཕོངས་ཨ་མའི་འཚེམ་བཟོའི་ཐོན་རྫས་ལས་སྣོན་དང་མདུད་པ་བསླས་འཐག་སོགས་ཀྱི་ཐོན་རྫས་འགྲེམ་འཚོང་གི་བྱེད་སྒོ་ཟླ་5པའི་ཚེས་8ཉིན་འཛམ་ཐང་རྫོང་སྲིད་གཞུང་ཐང་ཆེན་དུ་སྤེལ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1