ཧུང་ཡོན་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་མཐོང་ཐོས་རགས་བཀོད།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-30



        2016ལོར་ཧུང་ཡོན་རྫོང་ནི་ཞིང་ཆེན་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་གྱི་ཚོད་ལྟའི་རྫོང་ཞིག་ཡིན། ཉེ་ཤས་རིང་ལ། ཧུང་ཡོན་རྫོང་གིས་མཉམ་དུ་མཐུན་སྒྲིལ་དང་འབད་བརྩོན་བྱས་ཏེ། མཉམ་དུ་དར་རྒྱས་དང་གོང་འཕེལ་ཡོང་བའི་བརྗོད་གཞི་ལ་དམ་པོར་དམིགས་ཤིང་། མི་རིགས་སོ་སོའི་དབར་གྱི་མཛའ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། མཐུན་སྦྱོར་འཕེལ་རྒྱས་བཅས་ཀྱི་ལམ་ཐིག་གཙོ་བོ་འབུར་དུ་བཏོད་དེ། བོད་ཁུལ་སྤྱི་ཡི་ཁྱད་ཆོས་ལྡན་ལ། ས་གནས་རང་གི་ཁྱད་ཆོས་ཀྱང་མ་བོར་བའི་ཀུན་གྱི་མིག་དཔེར་འོས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་ས་ཁུལ་གསར་སྐྲུན་གྱི་བགྲོད་ལམ་གསར་ཏུ་གཏོད་པར་འབད།  གོ་རིམ་ལྡན་ཅིང་ཕན་ནུས་ཆེ་བའི་བྱེད་སྒོ་མང་དུ་སྤེལ་ནས། 2018ལོར་སི་ཁྲོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་དུ་བདམ་ཐོན་བྱུང་།
        བླ་མེད་སློབ་གསོའི་ནུས་མཐུ་ཡིས། །མི་རིགས་མཐུན་སྒྲིལ་ཡིད་ལ་འཇགས། །
      ཧུང་ཡོན་རྫོང་ལྷ་རྒྱལ་གླིང་གི་སློབ་ཆུང་གི་སློབ་མ་ཀྲང་ཞའོ་ལུའུ་ཡིས་ཉམས་དང་ལྡན་པའི་སྒོས་མིང་སྲིང་ང་དྲུག་ཁྱིམ་ཚང་གཅིག་གི་ཡིན། སྐད་རིགས་ང་དྲུག་ཚིག་ཁ་གཅིག་ལ་བསྒྲིལ་ཞེས་པའི་གླུ་དབྱངས་བླངས་ནས་མེས་རྒྱལ་ལ་དགའ་བའི་བསམ་འདུན་མཚོན་པ་རེད།
      ལྷ་རྒྱལ་གླིང་སློབ་ཆུང་ནི་1956ལོར་གསར་དུ་བཙུགས་ཤིང་། སློབ་གྲྭའི་དགེ་སློབ་རྣམས་ནི་བོད་དང་ཆའང་རིགས། རྒྱ་དང་ཧུའེ་རིགས་བཅས་མི་རིགས4ཡིས་གྲུབ་ཡོད་ཅིང་། མི་རིགས་མང་པོ་གནས་པའི་ཁྱིམ་ཚང་ཆེན་པོ་ཞིག་རེད།  སློབ་གྲྭ་དེས་མི་རིགས་མཐུན་སྒྲིལ་གྱིས་དམངས་སེམས་བསྒྲིལ། བདེ་ཐང་ཀུན་སྤྱོད་སློབ་གསོས་འཕེལ་རྒྱས་སྐུལ་བའི་བརྗོད་གཞི་གཞིར་བཟུང་སྟེ། ཚོགས་ཐོག་སློབ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། སློབ་མ་རྣམས་ལ་གྲངས་ཉུང་མི་རིགས་ཀྱི་དཔའ་བོ་དང་གསར་བརྗེ་དམར་དམག་གི་གཏམ་རྒྱུད་མང་དུ་བཤད་དེ་བག་ཆགས་ཟབ་མོ་བཞག གཞན་དུ་སློབ་ཕྱིའི་བྱ་འགུལ་དང་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལུས་རྩལ་སོགས་གནད་དུ་བཟུང་སྟེ། བདེ་ཐང་ཀུན་སྤྱོད་ཀྱི་སློབ་ཁང་དང་མི་རིགས་མཐུན་སྒྲིལ་གྱི་དགའ་ཕྱོགས་ཚོགས་པ་སོགས་བཙུགས་ཡོད།
       དགེ་རྒན་ཁྲེན་རུང་ཞིའུ་ཡིས་རྒྱུན་ལྡན་གྱི་སློབ་ཁྲིད་བྱེད་སྒོའི་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་སློབ་གསོས་ཁྱབ་ཡོད་ལ། འདི་ནི་དགེ་སློབ་ཚང་མས་རྡོ་ཡི་ངོས་སུ་བྲིས་པའི་རི་མོ་རེད། རི་མོ་འདི་ནི་ལོ་དེར་དམར་དམག་གིས་གངས་རི་བརྒལ་བའི་གནས་ཚུལ་རྒྱབ་ལྗོངས་བྱས་ཏེ་བརྩམས་པ་ཡིན་ཞེས་གསར་འགོད་པར་བཤད།
འཆམ་མཐུན་ལྗོན་པའི་གྲིབ་བསིལ་འོག་ནས་རིག་གནས་སྦྱངས།  ཚན་རིག་པ་ཆུང་ཆུང་གི་འདེབས་འཛུགས་ར་བར་སྔོ་ཚལ་འདེབས་པ་སོགས་སྣ་མང་ཕུན་སུམ་ཚོགས་པའི་སློབ་སྦྱོང་གི་བྱེད་སྒོ་བརྒྱུད་དེ། སློབ་མ་རྣམས་ལ་རྩེད་མོ་རྩེ་ཞོར་དུ་སློབ་གསོའི་ཐབས་མཆོག་མངོན་དུ་གྱུར་ཡོད།
      བྱིས་པ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་བསྒྲགས་ནས་སེམས་ཀྱི་གཏིང་ལ་འཇགས་པར་བྱས་ཡོད། ད་སྐབས་ཧུང་ཡོན་རྫོང་དུ་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱ་གཞག་ལ་ཐུགས་ཁུར་གནང་བའི་དགེ་རྒན་དང་ལས་བཟོ་བ། དེ་མིན་སློབ་མ་ཕུལ་བྱུང་བ་སྐོར་ཞིག་ཐོན་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ཡ་མཚན་མང་དུ་བྱུང་དང་འབྱུང་བཞིན་འདུག་ལ། སློབ་གྲྭའི་ཁོ་ར་ཁོར་ཡུག་ཀུན་ཏུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད་པར་བརྩོན་བཞིན་འདུག

    དམངས་ཕན་བྱ་བས་མི་རིགས་བར། །མཐུན་སྒྲིལ་ཟབ་པར་མཐུན་རྐྱེན་བསྐྲུན། །
      2016ལོར། མདོ་དབུས་མཐོ་སྒང་གི་ཞིང་འབྲོག་མང་ཚོགས་ཀྱི་ཁེ་ལས་ཐོག་མ་སྟེ། ཧུང་ཡོན་རྫོང་ཀུན་ཕན་ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་འབྲེལ་ཁང་དངོས་སུ་ཚུགས་པ་རེད། སྨི་74ལྷག་ཡོད་པའི་ཀུན་ཕན་མཉམ་ལས་ཁང་ནི་རྫོང་ཡོངས་ཀྱི་སྡེ་བ་ཀུན་གྱི་དཔལ་འབྱོར་རྨང་གཞི་ཡིན་ལ། མང་ཚོགས་དང་ཁེ་ལས་པ། འཛད་སྤྱོད་པ་བཅས་གཞི་གཅིག་ཏུ་སྦྲེལ་བའི་འབྲེལ་ཐག་གཙོ་བོ་ཡིན་པར་མ་ཟད། ཧུང་ཡོན་རྫོང་གི་ཉེ་བའི་ལོ་ཤས་རིང་གི་ཆེས་ཆེ་བའི་དམངས་འཚོའི་ལས་གཞི་ཞིག་ཀྱང་ཡིན།

        ཀུན་ཕན་མཉམ་ལས་ཁང་ནི་རྫོང་ཡོངས་ཀྱི་སྡེ་བ41གི་ཐུན་མོང་དཔལ་འབྱོར་ལས་གྲུབ་ཅིང་། ཆེད་མཁས་ཀྱི་མཉམ་ལས་ཁང34རང་མོས་ཀྱིས་ནང་ཞུགས་དང་། མཉམ་ཞུགས་མི་གྲངས10700ལྷག་ཡོད་པའི་མཉམ་ལས་ཁང་འདིས་ད་སྐབས་ཁ་བའི་ནོར་གཡང་དང་། ཀུན་ཕན་བྱ་བའི་ཧུང་ཡོན་རྫོང་ཁུལ་གྱི་ཚོང་རྟགས་གཉིས་ཐོ་འགོད་བྱས་ཡོད་པ་རེད། ཁོ་ཚོས་མཐོ་སྒང་གི་གནམ་གཤིས་ལ་འཕྲོད་པའི་འོ་བཟོས་བཟའ་ཆས་དང་། ཤའི་བཟའ་ཆས། མཛེས་འཆོས་བྱུག་རྫས་སོགས་ཐོན་རྫས་ཞིབ་འཇུག་དང་གསར་གཏོད་བྱས་ཤིང་། ཞོ་དང་ཤ་རློན་ལ་མཁའ་སྐྱེལ་གྱི་འགན་ལེན་ཐོབ་པ་རེད།

        དམངས་འཚོའི་རེ་བ་དེ་དམངས་སེམས་ཀྱི་འཁོར་ས་ཡིན་ཞིང་། མང་ཚོགས་ལ་ཁེ་ཕན་རག་ཐབས་ནི་ཀུན་ཕན་མཉམ་ལས་ཁང་གི་འགྱུར་བ་མེད་པའི་དམིགས་འབེན་ཡིན་པས། རྫོང་ཡོངས་ཀྱི་ཡིག་ཚང་དང་བྱང་བུ་བཟོས་པའི་དབུལ་ཁྱིམ1353གྱི་མི་5060ཚང་མ་ལ་མཉམ་ལས་ཁང་གིས་རོགས་སྐྱོར་བྱེད་པ་རེད། 2017ལོ་དང་2018ལོར་མི་རེའི་ཡོང་འབབ་ལ་སྒོར190ཡོད། དེ་ལྟར་ཀུན་ཕན་མཉམ་ལས་ཁང་གིས་འབྲོག་ཁུལ་དང་འབྲོག་པར་ཞབས་ཞུ་བསྒྲུབས་ཏེ་དབུལ་བྲལ་གནད་སྒྲོལ་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།

      ཀུན་ཕན་མཉམ་ལས་ཁང་གི་འགོ་གཙོ་ཡིས་གསར་འགོད་པར་བཤད་རྒྱུར། ད་ལོར། ཀུན་ཕན་མཉམ་ལས་ཁང་གིས་ནོར་གྱི་འོ་མས་རྒྱུ་ཆ་བྱས་ཏེ་གྲུབ་པའི་རང་བྱུང་གི་མཛེས་འཆོས་བྱུག་རྫས་ཐོན་སྐྱེད་བྱ་རྒྱུ་རེད། ཐོན་རྫས་འདིའི་རིགས་ནི་བོད་མི་དམངས་ཀྱི་ལོ་ངོ་སྟོང་ལྷག་གི་འཚོ་བའི་གོམས་སྲོལ་ལ་གཞི་བཅོལ་ཏེ་ཞིབ་འཇུག་དང་གསར་གཏོད་བྱས་པ་ཡིན་ཞིང་། ཕྱིར་འཚོང་གི་གོ་རིམ་ཁྲོད་དུ་མི་རིགས་སོ་སོའི་འབྲེལ་འདྲིས་འགྲོ་འོང་དང་། ཕན་ཚུན་གྲོས་བསྡུར་ལ་སྔར་ལས་ལྷག་པར་སྐུལ་འདེད་བྱས་ཏེ། རིམ་གྱིས་སྡེ་བ་རེ་ལ་ཐོན་རྫས་རེ་དང་། གྲོང་ཚོ་རེ་ལ་ལས་ཀ་རེ་ཡི་གནས་བབ་ཆགས་ཐུབ་པ་ལ་འབད་དགོས་ཟེར།
       ཀུན་ཕན་མཉམ་ལས་ཁང་ནི་ཧུང་ཡོན་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱིས་མང་ཚོགས་ལ་བསྩལ་བའི་ཁེ་ཕན་གྱི་དཔེ་མཚོན་ཙམ་ཞིག་ཡིན། ཧུང་ཡོན་རྫོང་གིས་སྔ་མོ་ཞིག་ནས་བཟུང་། མི་དམངས་རྩ་བར་འཛིན་པ་དང་།  དམངས་ལ་ཁེ་ཕན་བསྐྲུན་པ་རྒྱུན་འཁྱོངས་བྱས་དང་བྱེད་བཞིན་འདུག མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་ཀའི་ཁྲོད་དུ། 6+N+1གི་འཛུགས་སྐྲུན་རྣམ་པ་གསར་གཏོད་ལག་ལེན་བྱས་ཤིང་། གུས་ཞབས། ཡིད་རྟོན། བརྩོན་པ། གསར་གཏོད་བཅས་ཀྱིས་ཕྱུག་པའི་ཧུང་ཡོན་གྱི་རྣམ་པ་གསར་བ་འཛུགས་པའི་བྱེད་སྒོ་སྤེལ་བ་དང། བསྟུད་མར་ལོ་གསུམ་ལ་སྤུས་ལེགས་ནུས་ལྡན་གྱི་ནོར་གནག་རོལ་དབྱངས་དུས་ཆེན་སྤེལ་བ་སོགས་རྣམ་པ་མང་པོ་བརྒྱུད་དེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་བསམ་སྦྱོར་གཉིས་ཀྱིས་སྟོབས་ཤུགས་ཕུལ་བ་རེད།
      ད་སྐབས།  མཐུན་སྒྲིལ་ཧུར་བརྩོན་དང་། འཆམ་མཐུན་ཕུན་ཚོགས་སོགས་ཀྱིས་བརྒྱན་པའི་རི་མོ་ཞིག་ཧུང་ཡོན་རྫོང་གི་མི་རིགས་སོ་སོའི་མང་ཚོགས་ཀྱི་སེམས་སུ་གསལ་ལྷང་ངེར་ཤར་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1