ལྔ་བཞིའི་ལས་འགུལ་བྱུང་ནས་ལོ་འཁོར་བརྒྱ་ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་ཚོགས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 05-01




ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། ལྔ་བཞིའི་ལས་འགུལ་བྱུང་ནས་ལོ་འཁོར་བརྒྱ་ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་བ་དང་ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཚོགས་ཆེན་ལ་ཞུགས།


ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། ལྔ་བཞིའི་ལས་འགུལ་བྱུང་ནས་ལོ་འཁོར་བརྒྱ་ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་། 


        ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། ལྔ་བཞིའི་ལས་འགུལ་བྱུང་ནས་ལོ་འཁོར་བརྒྱ་ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་བ་དང་ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཚོགས་ཆེན་ལ་ཞུགས།
        ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་ཚོགས་ཆེན་དངོས་སུ་ཚོགས་འགོ་བརྩམས་པ་དང་མཉམ་དུ་ཚང་མ་ཡར་ལངས་ཏེ་རྒྱལ་གླུ་བླངས།
        ཚོགས་ཐོག་ཏུ་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ད་ལོ་ནི་ལྔ་བཞིའི་ལས་འགུལ་བྱུང་ནས་ལོ་འཁོར་བརྒྱ་ལོན་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན། དམིགས་བསལ་གྱི་དོན་སྙིང་ལྡན་པའི་ལོ་རྒྱུས་ཀྱི་དུས་སྐབས་འདིར་ང་ཚོ་འདི་ནས་ལྷན་འཛོམས་བྱུང་སྟེ་ལྔ་བཞིའི་སྔོན་བྱོན་བླ་མེད་ཀྱི་རྒྱལ་གཅེས་བརྩེ་སེམས་དང་གསར་བརྗེ་སྙིང་སྟོབས་ལ་རྗེས་དྲན་ཞུ་བ་དང་། ཏང་དང་མི་དམངས་ཀྱིས་མི་རིགས་བསྐྱར་དར་བགྲོད་ལམ་ལ་འཚོལ་ཞིབ་བྱས་ཏེ་མངོན་འགྱུར་བྱེད་པའི་རིན་ཐང་བྲལ་བའི་ཉམས་མྱོང་ལ་སྤྱི་བསྡོམས་བྱེད་པ་དེ་ལྔ་བཞིའི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་དང་ལྷག་པར་དུ་དུས་རབས་གསར་བའི་ཀྲུང་གོའི་ན་གཞོན་རྣམས་ལ་སྐུལ་ལྕག་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། ལྔ་བཞིའི་ལས་འགུལ་གྱིས་མི་རིགས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ལྔ་བཞིའི་ལས་འགུལ་གྱིས་རྒྱལ་གཅེས་དང་ཡར་ཐོན། དམངས་གཙོ། ཚན་རིག་བཅས་ནང་དོན་གཙོ་བོ་ཡིན་པའི་རླབས་ཆེན་ལྔ་བཞིའི་སྙིང་སྟོབས་གསོ་སྐྱོང་བྱས་ཤིང་། དེའི་སྲོག་ཤིང་ནི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ཡིན། རྒྱལ་གཅེས་རིང་ལུགས་ནི་ང་ཚོ་མི་རིགས་སྙིང་སྟོབས་ཀྱི་སྲོག་ཤིང་ཡིན་པ་དང་ཀྲུང་ཧྭ་མི་རིགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་སྒྲོག་ཐག་ལྟ་བུ་ཡིན། ལོ་རྒྱུས་ལས་རྒྱལ་གཅེས་རིང་ལུགས་ནི་གནའ་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་ཁྲག་རྒྱུན་དང་མཉམ་བསྲེས་བྱས་ཡོད་པས་ནམ་ཡང་འགྱུར་བ་མེད་པ་དང་བསུབ་ཐབས་མེད་ལ། དེ་ནི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་མི་རིགས་རང་བཙན་དང་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོབ་བྱེད་པའི་སྙིང་སྟོབས་ཀྱི་སྒུལ་ཤུགས་ཆེན་པོ་ཡིན་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་ན་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་ད་གཟོད་ཀྲུང་གོ་སྒྱུར་བཀོད་དང་འཛམ་གླིང་སྒྱུར་བཀོད་བྱེད་པའི་འབད་འཐབ་ཁྲོད་དུ་ལོ་རྒྱུས་རང་བཞིན་གྱི་སྟོབས་ཤུགས་ཆེན་པོ་འདོན་ཐུབ་པ་བདེན་དཔང་བྱས་ཡོད་ཟེར།
        ཞི་ཅིན་ཕིང་གིས་གསུངས་རྒྱུར། གུང་གཞོན་ཚོགས་པས་བློ་བརྟན་འགྱུར་མེད་སྒོས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས་ལ། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཚོགས་པའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པ་དང་མུ་མཐུད་དུ་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་སྲུང་འཛིན་བྱེད་དགོས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་མཁན་སྐྱེད་སྲིང་བྱེད་རྒྱུ་རྩ་བའི་ལས་འགན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ན་གཞོན་གཅིག་སྡུད་དང་སྣེ་ཁྲིད་བྱེད་པ་དང་ན་གཞོན་ལ་སྐུལ་སློང་དང་རྩ་འཛུགས་བྱེད་པ། ན་གཞོན་ལ་འབྲེལ་འདྲིས་དང་ཞབས་ཕྱི་བསྒྲུབ་པའི་འགན་འཁྲི་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ན་གཞོན་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་སྔར་ལས་གསར་གཏོད་དང་གསར་སྐྲུན་བྱེད་པ་དང་འབད་བརྩོན་ལྷོད་མེད་བྱེད་དགོས། ཏང་སྲིད་ལས་ཁུངས་དང་ཁེ་ལས་ལས་དོན་ལས་ཁུངས། མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་། མི་དམངས་ཚོགས་ཁག་དང་སྤྱི་ཚོགས་ཚོགས་ཁག་སོ་སོ། རྒྱ་ཆེའི་གྲོང་གསེབ་གཞི་རིམ་རང་སྐྱོང་རྩ་འཛུགས། དཔལ་འབྱོར་རྩ་འཛུགས་གསར་བ་དང་སྤྱི་ཚོགས་རྩ་འཛུགས་གསར་བ་སོ་སོ་བཅས་ཀྱིས་ན་གཞོན་རྣམས་འཚར་ལོངས་འབྱུང་བར་སེམས་ཁུར་བྱེད་པ་དང་ན་གཞོན་རྣམས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པར་མ་ཟད། ན་གཞོན་རྣམས་ལ་གོ་སྐབས་སྔར་ལས་མང་པོ་སྐྲུན་པ་དང་ན་གཞོན་རྣམས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དུ་འཇུག་དགོས་ཟེར།
        ཝང་ཧུའུ་ཉིང་གིས་ཚོགས་ཆེན་ལ་འགོ་འཛིན་མཛད་སྐབས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་ལས་ལྔ་བཞིའི་སྔོན་བྱོན་བླ་མེད་ཀྱི་རྒྱལ་གཅེས་བརྩེ་སེམས་དང་གསར་བརྗེ་སྙིང་སྟོབས་རྗེས་དྲན་བྱས་པ་དང་། ལྔ་བཞིའི་ལས་འགུལ་གྱི་ལོ་རྒྱུས་དོན་སྙིང་ལ་གདེང་འཇོག་ཆེན་པོ་གནང་ཡོད་པར་མ་ཟད། དུས་རབས་གསར་བའི་ནང་ལྔ་བཞིའི་སྙིང་སྟོབས་དར་སྤེལ་བྱེད་པའི་རེ་བ་གལ་ཆེན་གསལ་བོར་བཏོན་པ་དང་དེང་རབས་ན་གཞོན་རྣམས་ལ་རེ་བཅོལ་ནན་མོ་བྱས་ཡོད། ང་ཚོས་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་དངོས་འབེབས་དང་ལག་བསྟར་བྱ་བ་དམ་འཛིན་བྱས་ཏེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་བརྒྱུད་རིམ་ཁྲོད་དུ་མུ་མཐུད་ནས་སྔོན་རབས་པར་ངོ་གནོང་མི་དགོས་པ་དང་དུས་རབས་ལ་ངོ་གནོང་མི་དགོས་པ། མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་བ་སྐྲུན་དགོས་ཟེར།
        ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་སྤྱིའི་གླུ་སྒྲའི་ཁྲོད་དུ་མཇུག་སྒྲིལ།
        པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དེ་མིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཚོགས་ཆེན་ལ་ཞུགས།
        ཀྲུང་དབྱང་ཏང་སྲིད་དམག་གསུམ་གྱི་ལས་ཁུངས་སོ་སོ་དང་པེ་ཅིན་གྲོང་ཁྱེར་གྱི་འགན་འཁུར་བ་གཙོ་བོ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། རྒྱལ་སའི་ལས་རིགས་སོ་སོའི་མང་ཚོགས་དང་ན་གཞོན་འཐུས་མི་སོགས་བསྡོམས་པས་མི་སྟོང་གསུམ་ལྷག་ཚོགས་ཆེན་ལ་ཞུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1