ལྔ་བཞིའི་སྙིང་སྟོབས་དར་སྤེལ་གཏོང་།།དུས་བབས་འགན་འཁྲི་ཕྲག་ཏུ་ལེན།།

གྲགས་པ་བསྟན་འཛིན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-05


     ཟླ4པའི་ཚེས28ཉིན། འཛམ་ཐང་རྫོང་གིས་རྫོང་བཅའ་སྡོད་སློབ་འབྲིང་དུ་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་འཁོར100ལོན་པའི་རྗེས་དྲན་གྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ། རྫོང་ཨུའི་རྒྱུན་ཨུ། རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཀྲུང་ཞའོ་རུང་དང་། རྫོང་ཨུའི་རྒྱུན་ཨུ། རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་སུན་ཕུའུ་ཅུན་ཐེངས་འདིའི་བྱེད་སྒོར་ཞུགས།
     ཉིན་ཁྱད་པར་ཅན་འདིར། ལང་ཚོའི་མེ་ཏོག་རབ་ཏུ་བཞད་པའི་ན་ཆུང་སྐོར་ཞིག་ལོ་18ལ་སོན་པའི་དར་མའི་མཛད་སྒོ་སྤེལ་ཞིང་། མཛད་སྒོ་དེར་བོད་ཀྱི་སྲོལ་རྒྱུན་ལྟར་དུ་མཛངས་ཡོན་ལྡན་པའི་རྒན་པ་ཞིག་གིས་ན་ཆུང་ཁོ་ཚོ་ལ་བཀྲ་ཤིས་པའི་ཁ་གཡང་བོས། འཛམ་ཐང་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་སློབ་མ་རྣམས་ལ་རྩ་ཁྲིམས་ཀྱི་དེབ་གཅིག་དང་སྨྱུ་གུ་གཅིག་རེ་བསྩལ་ཏེ་ཁོ་ཚོ་ལ་ཕུགས་བསམ་དང་འགན་འཁྲི་མཉམ་ཁུར་གྱིས་མ་འོངས་པར་རྩ་ཁྲིམས་ཀྱི་དགོངས་དོན་ལག་བསྟར་བྱས་ཏེ་མི་ཚེའི་རི་མོ་ཡག་པོར་འབྲི་བའི་རེ་འདུན་བཏོན།

    འཛམ་ཐང་རྫོང་ཨུའི་རྒྱུན་ཨུ། རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཀྲུང་ཞའོ་རུང་དང་། རྫོང་ཨུའི་རྒྱུན་ཨུ། རྫོང་ཨུ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་སུན་ཕུའུ་ཅུན་གྱིས་སོ་སོར་ཤིས་ཚིག་ཕུལ་ནས། མུ་མཐུད་དུ་ལྔ་བཞིའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ལོ་རྒྱུས་ཀྱིས་བཞག་པའི་འགན་འཁྲི་ཕྲག་ཏུ་ཁུར་ནས་ཀྲུང་གོའི་ཕུགས་བསམ་འགྲུབ་པར་འབད་བརྩོན་བྱ་དགོས་ཞེས་བསྟན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1