ཨུ་རུ་སུའི་གནམ་གྲུ་ཞིག་བར་སྣང་ནས་མེ་འབར་ཏེ་བཙན་གྱིས་མར་བབས་པ་དང་མི41གྲོངས།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-07


      ཟླ5ཚེས5ཉིན། ཨུ་རུ་སུའི་གཞུང་ནས་བརྗོད་དོན། ཉིན་དེར་མའོ་སི་ཁུའོ་ཞེ་ལིའེ་མེན་ཅེ་ཝོ་གནམ་གྲུ་ཐང་དུ་བཙན་གྱིས་བབས་པའི་མེའི་གནོད་སྐྱོན་ཐེབས་པའི་གནམ་གྲུའི་ནང་དུ་ཁྱོན་བསྡོམས་མི78ཡོད་པ་དང་། དེའི་ཁྲོད་དུ་མི41གྲོངས་པ་དང་། མི37འཚོ་ཐུབ་ཡོད།  
     ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཕི་ཏེ་ལེན་ཁོ་ཡིས་ཚེས5ཉིན་བསྟན་དོན། ཉིན་དེར་ཞེ་ལིའེ་མེན་ཅེ་ཝོ་གནམ་གྲུ་ཐང་དུ་ཉིན་དེར་མའོ་སི་ཁུའོ་ཞེ་ལིའེ་མེན་ཅེ་ཝོ་གནམ་གྲུ་ཐང་དུ་བཙན་གྱིས་བབས་རྗེས་མེ་བསྲེགས་ཐེབས་པའི་གནམ་གྲུའི་ནང་དུ་ཁྱོན་བསྡོམས་མི78ཡོད་པ་དང་། དེའི་ཁྲོད་ནས་མི41གྲོངས་པ་དང་། མི37འཚོ་ཐུབ་ཡོད། དེའི་རྗེས་སུ། མའོ་སི་ཁུའོ་ས་ཁོངས་ལས་བརྒལ་བའི་སྐྱེལ་འདྲེན་བརྟག་དཔྱད་ཚན་ཁག་གི་མགྲིན་ཚབ་པ་མར་ཁོ་ཧྥུའུ་སི་ཁཱ་ཡ་ཡིས་སྨྱན་ལམ་ནས་བརྗོད་དོན། མི41རྐྱེན་ལམ་དུ་ཤོར་བ་དང་། ལས་བྱེད་མི་སྣ5ལས4འཚོ་ཐུབ་ཡོད་ཅིང་། དེའི་ནང་ཁ་ལོ་བ་ཡང་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1