བདེ་ཆེན་གྱི་སྐད་གཉིས་སློབ་གསོ་དར་འཕེལ་ཡག་པོ་བྱུང་བཞིན་འདུག

རྩོམ་སྒྲིག་པ།ཡོང་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། སྤེལ་དུས། 05-09



        ལྔ་གཅིག་གོང་གསེང་སྐབས་སུ། འཇོལ་རྫོང་སློབ་ཆུང་གཉིས་པའི་སློབ་མ་ཆོས་མཚོས་ཁྱིམ་ནང་ནན་ཏན་ངང་བོད་ཡིག་ཀློག་བཞིན་ཡོད་ལ།  ཆོས་མཚོ་ཚང་ནི་ཀོང་རྩེད་ར་གྲོང་རྡལ་ནས་ཡིན་པ་དང་མོས་དུས་རྒྱུན་ཨ་མྱེ་ལ་བོད་ཡིག་ཀློག་པ་བསླབས་དགའ།  མིག་སྔར། བདེ་ཆེན་གྱི་སློབ་གྲྭ་མི་ཉུང་བར་རྒྱ་བོད་སྐད་གཉིས་སློབ་གསོ་བཀོད་སྒྲིག་བྱས་ཡོད་པ་རེད།
        ཡུན་རིང་པོའི་ཚུན་དུ། བདེ་ཆེན་གྱིས་མི་རིགས་སློབ་གསོའི་རྒྱ་བོད་སྐད་གཉིས་སློབ་ཁྲིད་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་།  སློབ་ཁྲིད་སྒྲིག་བཀོད་ཀྱི་སྒྲིག་སྦྱོར་དང་སློབ་ཁྲིད་ཡིག་ཆའི་ཉོ་སྒྲུབ།  རྒྱ་བོད་སྐད་གཉིས་དགེ་རྒན་གྱི་གསོ་སྦྱོང་། རྒྱ་བོད་སྐད་གཉིས་སློབ་སྦྱོང་ཁོར་ཡུག་གི་འཛུགས་སྐྲུན། སློབ་དེབ་དང་སློབ་ཚན་གྱི་གསར་སྤེལ་སོགས་ཀྱི་ཐད་ནས་འགན་ལེན་བྱས་ཡོད།  2018ལོའི་ལོ་མཇུག་གི་བར་དུ། ཁུལ་ཡོངས་སུ་རྒྱ་བོད་རྒྱ་བོད་སྐད་གཉིས་སློབ་ཁྲིད་བྱས་ཡོད་པའི་སློབ་ཆུང་14(སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་8་དང་འཇོལ་རྫོང་དུ་4  འབའ་ལུང་རྫོང་དུ་2)ཡོད་པ་དང་།  བོད་ཡིག་དགེ་རྒན་30ཡོད།   རྒྱ་བོད་སྐད་གཉིས་སྦྱོང་ཡོད་པའི་སློབ་མ་6517ཡོད།   རྒྱ་བོད་སྐད་གཉིས་སློབ་ཁྲིད་དང་ལེན་བྱས་ཡོད་པའི་སློབ་ཆུང་སློབ་མ་དེ་པུལ་ཡོངས་སློབ་ཆུང་སློབ་མ་ཡོངས་ཀྱི་23.5%ཟིན་བ་དང་། རྒྱ་བོད་སྐད་གཉིས་སློབ་ཁྲིད་བྱས་ཡོད་པའི་སློབ་འབྲིང་2(བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་དང་འཇོལ་རྫོང་སློབ་འབྲིང་།)ཡོད།དམའ་རིམ་སློབ་འབྲིང་གི་རྒྱ་བོད་སྐད་གཉིས་སྦྱོང་ཡོད་པའི་སློབ་མ་2490ཡོད་པ་དང་ཁུལ་ཡོངས་དམའ་རིམ་སློབ་འབྲིང་གི་སློབ་མ་ཡོངས་ཀྱི་18.4%ཟིན་ཡོད།  མཐོ་རིམ་སློབ་འབྲིང་གི་རྒྱ་བོད་སྐད་གཉིས་སྦྱོང་ཡོད་པའི་སློབ་མ་1108ཡོད་པ་དང་ཁུལ་ཡོངས་མཐོ་རིམ་སློབ་མ་ཡོངས་ཀྱི་16.7%ཟིན་ཡོད།  ཁུལ་ཡོངས་ཀྱི་བོད་ཡུལ་ཤང་གྲོང་19རུ་རྒྱ་བོད་སྐད་གཉིས་སློབ་ཁྲིད་བྱས་ཡོད་པ་དང་རྒྱ་བོད་སྐད་གཉིས་སློབ་གསོ་དང་ལེན་བྱས་ཡོད་པའི་སློབ་མ་ལོ་རེ་བཞིན་འཕར་ཡོད།
        རང་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བདེ་ཆེན་གྱིས་ཞིང་ཆེན་ཕྱི་ནང་གི་བོད་སྐད་ཡིག་གི་ཆེད་མཁས་པ་གདན་འདྲེན་ཏེ་བདེ་ཆེན་གྱི་བོད་ཡིག་དགེ་རྒན་དག་ལ་དམིགས་ཡོད་རང་བཞིན་གྱི་གསོ་སྦྱོང་བྱས་ནས།  དགེ་རྒན་དག་གིས་སློབ་དེབ་ལ་རྒྱུད་རིམ་ལྡན་པའི་རང་བཞིན་ཡོད་དུ་བཅུག་པ་དང་དགེ་རྒན་གྱི་སློབ་དེབ་འཛིན་པའི་ནུས་པ་གོང་དུ་གཏོང་།  ལོ་ལྟར་བདེ་ཆེན་ཁུལ་རྒྱ་བོད་སྐད་གཉིས་དགེ་རྒན་གསོ་སྦྱོང་ཇུས་གཞི་གཏན་འབེབས་བྱས་པ་དང་རྒྱ་བོད་སྐད་གཉིས་ཀྱི་དགེ་རྒན་ཡོངས་གསོ་སྦྱོང་རྩ་འཛུགས་བྱས།ཞིང་ཆེན་སློབ་གསོ་ཐིང་མི་རིགས་སློབ་གསོ་ཁྲུའུ་དང་རྒྱལ་ཁབ་མི་རིགས་ཨུ་ལྷན་སྐད་གཉིས་གསོ་སྦྱོང་གནས་གཞི་ཡིས་རྒྱབ་སྐྱོར་འོག  སློབ་སྦྱོང་ཤུགས་ཆེན་བྱས་ནས་དགེ་རྒན་ལ་སློབ་ཁྲིད་འདུ་ཤེས་ཐོག་གསར་སྒྱུར་ཡོད་པ་མ་ཟད།  རིག་གཞུང་ཐོག་གི་གོང་འདེགས་ཡང་ཡོད་དེ།  སྔར་ལས་ལྷག་པར་རྒྱ་ཆེ་བའི་བོད་སྐད་ཡིག་དགེ་རྒན་དག་གི་བོད་ཡིག་ཆུ་ཚད་དང་སློབ་ཁྲིད་ནུས་པ་གོང་དུ་གཏོང་བ་རེད།  2017ལོར།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བོད་སྐད་ཡིག་སློབ་དཔོན་གྲགས་ཅན་གྱི་ལས་དོན་ཁང་བཙུགས་པ་དང་སློབ་ཆུང་བོད་ཡིག་དགེ་རྒན་གྱི་གསོ་སྐྱོང་ལ་རྨང་གཞི་ཡག་པོ་བཏོན་ཡོད་པ་རེད།
        དུས་མཚུངས་སུ།  བདེ་ཆེན་གྱིས་བོད་ཁུལ་སློབ་གསོ་རྟོག་ཞིབ་ཚོ་ཆུང་ཐེངས་མང་རྩ་འཛུགས་བྱས་ནས་བོད་ལྗོངས་ལྷ་ས་དང་མཚོ་སྔོན་ཟི་ལིན།  སི་ཁྲོན་ཁྲིན་ཏུའུ་སོགས་སུ་མི་རིགས་སློབ་གསོ་སྐོར་སློབ་སྦྱོང་དང་རྟོག་ཞིབ་སོང་བ་མ་ཟད།  སློབ་ཆེན་སློབ་གྲྭའི་སློབ་མ་བསྡུ་བ་དང་དགེ་རྒན་གསོ་སྦྱོང་།  རྒྱ་བོད་སྐད་གཉིས་སློབ་ཁྲིད་སོགས་ཀྱི་ལས་དོན་ལ་འབྲེལ་གཏུག་བྱས་ཏེ།  ཧུར་ཐག་གིས་མཐའ་འཁོར་བོད་ཁུལ་གྱི་སློབ་གསོ་སྲིད་འཛིན་སྡེ་ཚན་དང་འབྲེལ་ཡོད་སློབ་ཆེན་གྱི་རྒྱབ་སྐྱོར་བརྩོན་ལེན་བྱས་པ་དང་།  འབད་བརྩོན་ངང་བདེ་ཆེན་ཁུལ་སྐད་གཉིས་མཐའ་ཕྱིན་སློབ་མའི་སློབ་རིམ་འཕར་བའི་ལམ་བུའི་རྒྱ་སྐྱེད་པ།  རྒྱ་བོད་སྐད་གཉིས་ཤེས་ལྡན་མི་སྣའི་གསོ་སྐྱོང་གི་གཏིང་ཤུགས་ཆེ་རུ་གཏོང་བ།  རྒྱ་བོད་སྐད་གཉིས་དགེ་རྒན་གསོ་སྦྱོང་གི་ལས་སྟེགས་འཛུགས་པ་དང་། སྔར་ལས་ལྷག་པར་སློབ་གསོའི་ཁ་གཏད་རོགས་སྐྱོར་ལས་ཀ་བྱེད་ཤུགས་ཆེར་བཏང་ནས་རྒྱ་བོད་སྐད་གཉིས་སློབ་གསོ་རྒྱུན་མཐུད་དུ་བདེ་བླག་ངང་དར་འཕེལ་གཏོང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1