གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༥ཚེས་༠༩ཉིན།

​ཞི་ཅིན་ཕིང་གིས་ཨུ་རུ་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་བྲེལ་མྱུར་བཙན་ཐབས་ཀྱིས་འབབ་སྐབས་མེར་ཤོར་ཏེ་མི་སྣ་ཤི་རྨས་བྱུང་བའི་ཐད་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5བའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་མོ་སི་ཁོའི་ཞེ་ལེ་མེ་ཅེ་བོ་གནམ་གྲུ་ཐང་ལ་བྲེལ་མྱུར་བཙན་ཐབས་ཀྱིས་འབབ་སྐབས་མེར་ཤོར་ཏེ་མི་སྣ་ཤི་རྨས་བྱུང་བའི་ཐད་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

        ཞི་ཅིན་ཕིང་གིས་འཚམས་འདྲི་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཨུ་རུ་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་མོ་སི་ཁོའི་ཞེ་ལེ་མེ་ཅེ་བོ་གནམ་གྲུ་ཐང་ལ་བྲེལ་མྱུར་བཙན་ཐབས་ཀྱིས་འབབ་སྐབས་མེར་ཤོར་ཏེ་མི་སྣ་ཤི་རྨས་བྱུང་བ་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་བཟོས། བདག་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་པར་མ་ཟད་རང་ཉིད་ཀྱི་མིང་ཐོག་ནས་འདས་པོ་རྣམས་ལ་མྱ་ངན་ཞུ་བ་དང་རྨས་མ་དང་འདས་པོའི་ཁྱིམ་མི་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུ་བ་ཡིན་ཟེར།

        ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྱང་དོན་རྐྱེན་དེའི་ཐད་ནས་ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་ནས་འདས་པོ་རྣམས་ལ་མྱ་ངན་ཞུས་པ་དང་རྨས་མ་དང་འདས་པོའི་ཁྱིམ་མི་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།  །


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1