གཙོ་ངོས།>> གསར་འགྱུར།>>སི་ཁྲོན་བོད་ཁུལ།

སྟག་རོང་རང་གྲོལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༥ཚེས་༡༣ཉིན།

བྲག་འགོ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལྗོན་བཟང་གསར་དུ་ཚུགས་སོང་།


ལས་རིགས་དང་མི་རིགས་མི་གཅིག་ཀྱང་རྩོམ་རིག་ལ་དུངས་ཤིང་ཕ་ཡུལ་བྲག་འགོ་ལ་ཞབས་ཞུ་ཅུང་ཙམ་རེ་སྒྲུབ་ན་འདོད་པའི་རྒྱ་བོད་ཀྱི་མི་སྣ་དྲུག་གིས་འགྲོ་གྲོན་དང་དཀའ་ངལ་མང་པོ་ཁྱད་དུ་བསད་དེ་ཧོར་བྲག་འགོ་ལ་རྩོམ་པ་པོའི་མཐུན་ཚོགས་གསར་དུ་འཛུགས་པའི་གྲོས་ཆོད་བྱུང་།  2018ལོའི་ཟླ་11པའི་ཚེས་14ཉིན།  བྲག་འགོ་རྫོང་དམངས་སྲིད་ཅུས་ཀྱིས་དངོས་སུ་ཆོག་མཆན་གནང་ནས་སྤྱི་ཚོགས་ཚོགས་པའི་ཁྲིམས་མིའི་དཔང་ཡིག་བསྩལ།


2019ལོའི་ཟླ་5ཚེས་3ཉིན།  རྫོང་ཨུ་ཧྲུའུ་ཅི་ཝུའུ་ཆང་དངོས་སུ་ཕེབས་ཏེ་བྲག་འགོ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཞེས་པའི་སྒོ་བྱང་གནང་བ་དང་།  ཉིན་དེར་བྲག་འགོ་རྫོང་གི་རྩོམ་པ་པོ་སྒོ་ཡོན་ལགས་དང་བྲག་འགོའི་ལོ་རྒྱུས་ཞིབ་འཇུག་པའམ་རྩོམ་པ་པོ་རན་ཁྲང་ཧྲིང་རྣམ་གཉིས་ཀྱིས་༼གསར་རྩོམ་གྱི་རྟོན་པ་བཞི་དང་རྒྱུན་སྐྱོང་བཞི།༽ཞེས་པ་དང་༼ཧོར་རིག་གནས་ཀྱི་ཁ་ཕྱོགས།༽ཞེས་པ་སོ་སོས་འཆད་ཁྲིད་གནང་ཞིང་།  ཐེངས་འདིར་ཧོར་བྲག་འགོའི་རྩོམ་རིག་ལ་དུངས་བའི་དགེ་རྒན་དང་རྩོམ་པ་པོ།འགོ་ཁྲིད་སོགས་མི་གྲངས་བརྒྱ་ལྷག་རང་འདུན་གྱིས་འཛོམས་ཏེ་རྩོམ་རིག་དར་སྤེལ་སྐོར་ལ་བགྲོ་གླེང་བྱས་ནས།  ཁམས་བྲག་འགོའི་སྙུག་ཐོགས་པ་ཡོངས་ལ་རྩོམ་རིགས་དར་སྤེལ་གྱི་སྡིངས་ཆ་གསར་བ་བསྐྲུན་པས་མི་འགྱང་བར་རྩོམ་རིག་གི་ལྗོན་བཟང་ལ་སྔ་ན་མེད་པའི་ཡར་རྒྱས་ཀྱི་ལོ་འབྲས་སྨིན་པའི་ཡིད་ཆེས་ཀྱིས་ཁེངས་ཡོད།


རྩོམ་ཡིག་ནི་གང་ཟག་ཅིག་གི་སེམས་ཚོར་མིག་སྔར་བསྟར་བའི་རིན་ཆེན་གྱི་ཐང་མ་ཡིན། རྩོམ་ཡིག་ནི་སྤྱི་ཚོགས་ཤིག་གི་བདེ་སྡུག་ཟིན་ཐོར་ཕབ་པའི་རྡོ་རིང་ཡིན།  རྩོམ་ཡིག་ནི་མཁས་པའི་བྱ་བ་རྣམ་གསུམ་གྱི་ནང་གི་ཡང་སྙིང་ཡིན།  དེའི་ཕྱིར་རྩོམ་རིག་པར་བླ་སྲོག་ཕུལ་ནས་ཕ་ཡུལ་ལ་ཞབས་འདེགས་ཞུ། །



39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1