སི་རི་ལན་ཁའི་ས་ཆ་ཁག་གཅིག་ཏུ་གཏུམ་སྤྱོད་ཀྱི་དོན་རྐྱེན་ཐོན་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-16


      ཟླ་5ཚེས་13ཉིན། སི་རི་ལན་ཁའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཚེས་13ཉིན་གྱི་སྔ་དྲོར། སི་རི་ལན་ཁའི་ནུབ་བྱང་ཞིང་ཆེན་ཁུའུ་ལུའུ་ནེ་ཀེ་ལེ་ས་ཁུལ་དུ་གཏུམ་སྤྱོད་ཀྱི་དོན་རྐྱེན་ཐོན་པ་དང་། ཚོང་ཁང་དང་སྡོད་ཁང་འགའ་ཞིག་ལ་གཏོར་སྐྱོན་ཕོག་ཡོད་པ་རེད། ཉེན་རྟོགས་པས་དེ་རྗེས་ཁུའུ་ལུའུ་ནེ་ཀེ་ལེ་ས་ཁུལ་དུ་མཚན་འགྲུལ་བཀག་སྡོམ་བྱས་པ་རེད། དེའི་རྗེས་སུ། སི་རི་ལན་ཁའི་རྒྱལ་ས་ཁོ་ལོན་པོ་གྲོང་ཁྱེར་ཉེ་འདབས་ཀྱི་ཅ་མུའུ་ཕཱ་ཧ་ས་ཁུལ་དུའང་གཏུམ་སྤྱོད་ཀྱི་དོན་རྐྱེན་ཐོན་ཞིང་། ཉེན་རྟོགས་པས་ཡུལ་དངོས་སུ་བསྐྱོད་དེ་སྒྲིག་ལམ་སྲུང་སྐྱོང་བྱེད་བཞིན་པ།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1