གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༥ཚེས་༡༦ཉིན།

རྒྱང་བཞུད་ཀྱི་ཁལ་མ།

      བདག་ཆུང་དུས་སུ་ཨ་ཕ་ནི་དུས་རྒྱུན་དུ་ཕྱི་རུ་བསྐྱོད་པའི་སྣང་བ་ཞིག་ཡོད་པ་སྟེ། ཁྱིམ་ཚང་གི་ལོ་གཅིག་གི་ཁ་ཟས་ཀྱི་ཆེད་དུ་དཔྱིད་ཀ་ཆུ་བོ་སྐམ་དུས་བྱང་གི་ཚྭ་མཚོ་རུ་ཚྭ་ལེན་པར་བསྐྱོད་ཅིང་། སྟོན་ཀའི་རྩྭ་འགོ་སེར་བའི་དུས་སུ་ལྷོ་ཕྱོགས་ཀྱི་ཞིང་ཁུལ་དུ་ཚྭ་དང་འབྲུ་རིགས་བརྗེ་བར་འགྲོ་སྲིད། ཚྭ་བཀལ་བ་ནི་བྱང་ཐང་གི་སྐྱེས་པ་ཚོའི་ཆེས་དཀའ་ཚེགས་ཆེ་བའི་ལས་ཀ་ཞིག་ཡིན་ལ། འཚོ་བ་སྐྱེལ་སྟངས་ཤིག་ཀྱང་ཡིན། ཚྭ་བཀལ་བའི་ཁལ་པའི་གྲས་སུ་ཐེངས་དང་པོར་ཞུགས་པ་ནི་ཕོ་སར་ཞིག་འཚར་ལོངས་བྱུང་བའི་མཚོན་རྟགས་ཤིག་ཡིན། 
     བྱང་ཐང་དུ་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་4500ཡན་ཡོད་ཅིང་། མཁའ་དབུགས་དཀོན་ཞིང་། མཁའ་དབྱིངས་དྭངས་པ་དང་། ཉི་འོད་ཧ་ཅང་གསལ་བས། ཚྭ་མཚོ་གཅིག་འདུས་ཀྱི་ས་ཆ་ཞིག་ཡིན། 
     བྱང་ཐང་གི་ཚྭ་མཚོ་མང་པོའི་ཁྲོད་དུ་སྐད་གྲགས་ཆེ་ཤོས་ནི་ཁུང་ཁུང་ཚྭ་མཚོ་རེད། དེ་ནི་ལྷ་ས་དང་ལེ་བར་སྟོང་ལྷག་གི་བར་ཐག་ཡོད་ཅིང་། ཁལ་པ་མང་ཤོས་ཀྱིས་ཚྭ་ལེན་ས་རེད། ཁལ་པས་ཚྭ་མཚོའི་འགྲམ་དུ་སྒར་བརྒྱབ་སྟེ། ཚྭ་མཚོ་རུ་ཚྭ་བླངས་ནས་མཚོ་འགྲམ་དུ་སྤུངས་པ་དང་། སྐམ་པོར་གྱུར་རྗེས་སྒྱོ་བའི་ནང་བླུག་སྟེ་ཁལ་ལ་བཀལ་ནས་ཕྱིར་འདྲེན་པ་རེད། 
     ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱིས་ཁྱོན་ཡོངས་ནས་ཏེན་ཚྭ་བེད་སྤྱོད་རྒྱ་བསྐྱེད་པ་ལས་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ཏེན་ཚྭ་ཁྱབ་ཚད་ནི་1997ལོའི་19%ནས་ན་ནིང་ལོ་མཇུག་ཏུ་97.07%བར་འཕར་ཡོད། ཤང་དང་གྲོང་རྡལ་གྱི་ཚྭ་འགྲེམས་སྐྱེལ་ཁྱོན་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་ཡོད། དེའི་ཕྱིར་རྒྱང་རིང་མི་མེད་ས་ཁུལ་དུ་ཚྭ་ལེན་པར་འགྲོ་བའི་ངལ་རྩོལ་བྱེད་སྟངས་ལ་འགྱུར་ལྡོག་བྱུང་ཞིང་ཇེ་ཉུང་དུ་འགྲོ་བཞིན་ཡོད། 

     2017ལོར། བོད་ལྗོངས་ནག་ཆུ་རླུང་འཕྲིན་བརྙན་འཕྲིན་ཁང་གིས《རྒྱང་བཞུད་ཀྱི་ཁལ་མ》ཅེས་པའི་དངོས་མཚོན་གློག་བརྙན་ཕབ་བསྐྲུན་བྱས་པ་སྟེ། སྤྱི་ལེ་1400ཡོད་པའི་གནའ་བོའི་ཚྭ་ལམ་བརྒྱུད་ནས། གནའ་བོའི་ཚྭ་ལེན་མཁན་དག་གི་གཏམ་རྒྱུད་བསྐྱར་བསྐྲུན་བྱས་པ་དང་།  གནའ་བོའི་རིག་གནས་སྲོལ་རྒྱུན་དེ་ཀུན་གྱི་མིག་ལམ་དུ་བསྟན་ཡོད།  
















39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1