གཙོ་ངོས།>> སྐྱེ་ཁམས།>>ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བོད་ཡིག་ཚགས་པར། སྤེལ་དུས། ༢༠༡༩ལོའི་ཟླ་བ་༠༥ཚེས་༡༦ཉིན།

༄༅།། ཁྱིམ་ཚང་ཚལ་ཞིང་གི་དོ་དམ།


     ལྡུམ་ཚལ་རྨོ་འཛུགས་ཀྱི་གོ་རིམ་ཁྲོད། ཆེད་དུ་ལོ་མའི་རྩེ་མོ་འབྲེག་པ་དང་། ཡལ་ག་ཡན་པ་འབྲེག་པ། ལོ་མ་འབྲེག་པ་དང་། མེ་ཏོག་ཡན་པ་བསལ་བ་དང་། འབྲས་བུ་ཡན་པ་བསལ་བ་སོགས་བརྒྱུད་དེ་ལྡུམ་ཚལ་ཐོན་རྫས་ལེགས་པོ་དང་མང་པོ་ཡོང་བར་བྱ་སྲིད། བྱེད་ཐབས་འདི་ནི་གཙོ་བོ་ཀུབ་རིགས་དང་རྡོ་ལུ་མའི་རིགས་ཀྱི་ལྡུམ་ཚལ་ལ་སྤྱོད།
    1.ཡལ་ག་ཡན་པ་དང་ལོ་མའི་རྩེ་མོ་འབྲེག་པ།
    ཡལ་ག་ཡན་པ་འབྲེག་པ་ནི་དཔེར་ན་རྡོ་ཀུབ་དང་ལྡུམ་སྒོང་སོགས་ཀྱི་གཙོ་བོའི་ཡལ་ག་མ་ཡིན་པ་འབྲེག་པ་དེར་བྱ་ཞིང་། དེ་ལྟར་བྱེད་པའི་དམིགས་ཡུལ་ནི་ངེས་གཏན་གྱི་སྐྱེ་ཡུན་ནང་འབྲས་བུ་སྤུས་བཟང་དང་འབྲས་བུ་མང་པོ་འབྱུང་བ་ཁག་ཐེག་འོང་ཆེད་ཡིན། ཡལ་གའི་རྩེ་མོའི་མྱུག་སོ་འབྲེག་པས་ཡལ་ག་གང་ཞིག་རྒྱ་ཡན་དུ་མི་སྐྱེ་བར་ཚོད་འཛིན་བྱ། དེ་མིན་འབྲས་བུ་སྔ་སྨིན་དང་ནར་སོན། སྤུས་དག་བཅས་ཡོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན།
     2.སྐྱོར་ཁྲི་འཛུགས་པ་དང་སྐྱོར་ཐག་འཐེན་པ།
     ཀུབ་རིགས་དང་རྡོ་ལུ་མའི་རིགས་ཀྱི་ལྡུམ་ཚལ་ལ་སྐྱོར་ཁྲི་སོགས་མེད་ན་རང་སྐྱར་འགྲེང་སྐྱེ་བྱ་བའི་ནུས་པ་ཞན། དེ་བས་ཉི་འོད་དང་རླུང་བུ་ལེགས་པོ་རྒྱག་པ་དང་། ཚལ་རྐང་སྟུག་ཚད་ཇེ་མཐོར་གཏོང་བ། གནོད་འབུ་ཡིས་འཚེ་བ་ཇེ་ཉུང་དང་། ཐོན་ཚད་མངོན་གསལ་དོད་པོས་ཇེ་མཐོར་གཏོང་བའི་ཆེད་དུ། མིའི་ཐབས་ཀྱིས་འགྲེང་སྐྱེས་བྱ་བར་རོགས་འདེགས་བྱ། སྐྱོར་ཁྲིར་བརྟེན་ནས་རྨོ་འཛུགས་བྱ་སྐབས། ཐག་པ་སོགས་ཀྱིས་ཚལ་རྐང་སྐྱོར་ཁྲིའི་སྟེང་དུ་བཅིངས་ནས་གཏན་འཁེལ་བྱེད་པ་ལ་སྐྱོར་ཐག་འཐེན་པ་ཞེས་ཟེར།
    3.ལོ་མ་ནད་ཅན་དང་ལོ་རྒན་འབྲེག་པ།
    ཚལ་རྐང་གི་གཞུང་རྟའི་འོག་ཕྱོགས་ཀྱི་ལོ་མ་ནད་ཅན་དང་ལོ་རྒན་བྲེག་ནས་རླུང་བུ་རྒྱུ་བར་སྟབས་བདེ་བཟོས་ན། ཚལ་རྐང་བར་ཕན་ཚུན་འཚང་ཁ་མི་བཀྱེ་བ་དང་། གནོད་འབུ་མི་འབྱུང་བ་བཅས་ལ་ཕན།
     4.མེ་ཏོག་དང་འབྲས་བུ་ཡན་པ་བསལ་བ།
     ཆེད་དུ་ཚལ་རྐང་མགོའི་མེ་ཏོག་དང་འབྲས་བུ་ནད་ཅན་དང་ལོག་པར་སྐྱེ་བའི་རིགས་བྲེག་ན། ཤུལ་དུ་བཞག་པའི་མེ་ཏོག་དང་འབྲས་བུ་ལེགས་པོ་དང་ཆེན་པོ་སྐྱེ་བར་ཕན་པ་ཡོད། འབྲས་བུ་ཆུང་ཆུང་གསོ་བའི་སྐབས་སུ་ཡང་འདི་འདྲའི་སྙོགས་དོར་བཅུད་ལེན་གྱི་བྱེད་ཐབས་སྤྱད་ན་ཕན་པ་རྒྱ་ཆེན་པོ་ཡོད།
《ཁྱིམ་ཚང་གི་ཚལ་ཞིང་ཆུང་ཆུང》ལས་བཤུས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1