༄༅།། ཕྲུ་གུ་བཙའ་དཀའ་བའི་གནད་དོན་བཅོས་ཐབས་ཡོད་དམ།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 05-16


        ཕྲུ་གུ་རྒྱུན་གཏན་བཞིན་སྐྱེ་ཐུབ་མིན་ནི་སྦྲུམ་མའི་གཟུགས་པོ་དང་། སྐྱེ་ལམ། ཕྲུ་གུ་བཅས་གསུམ་དང་འབྲེལ་བ་ཡོད། གལ་སྲིད་དེ་གསུམ་ལས་གཅིག་ལ་སྐྱོན་ལྷག་ཚེ་ཕྲུ་གུ་སྐྱེ་ཁག་པོར་གྱུར་ནས་མངལ་བདེ་བླག་ངང་གྲོལ་ཐུབ་ཀྱི་མེད།
        ཕྲུ་གུ་སྐྱེ་ཁག་པོ་བྱུང་བ་དེས་མ་བུ་གཉིས་ཀར་ཉེན་ཁ་ཆེན་པོ་འཕྲད་དེ་སྐྱེད་མ་དང་ཕྲུ་གུའི་གཟུགས་པོར་རྨས་སྐྱོན་ཤོར་བ་མ་ཟད། ཐ་ན་ཚེ་སྲོག་ལའང་ཉེན་ཁ་ཆེན་པོ་འཕྲད་ཀྱི་ཡོད། ཡིན་ནའང་ཚན་རིག་དང་མཐུན་ཞིང་འཐུས་སྒོ་ཚང་བའི་ཕྲུ་གུ་སྐྱེ་བར་བདེ་སྲུང་ཡག་པོ་བྱས་ན་སྔ་ཙམ་ནས་ཕྲུ་གུ་སྐྱེ་དཀའ་བའི་རྒྱུ་རྐྱེན་ཤེས་ཐུབ། མཚང་རུས་ལ་བརྟག་དཔྱད་བྱེད་པ་དེས་ཕྲུ་གུ་མཚང་རུས་ནས་རང་བཞིན་དུ་མངལ་གྲོལ་མིན་ཤེས་ཐུབ་པ་དང་ཕྲུ་གུའི་གནས་སྟངས་ལ་བལྟས་ན་ཕྲུ་གུའི་ཆེ་ཆུང་དང་ཕྲུ་གུའི་སྡོད་སྟངས་སོགས་ཤེས་ཐུབ་པ་མ་ཟད། སྦྲུམ་མའི་གཟུགས་གཞིར་བརྟག་དཔྱད་ཞིབ་ཕྲ་དང་ནད་བཅོས་བྱས་ན་སྦྲུམ་མ་དང་ཕྲུ་གུའི་བདེ་ཐང་ཁྱོན་ཡོངས་ནས་ཐོ་འགོད་བྱེད་ཐུབ། སྤྱིར་སྐྱེ་ཟླ་མ་ཤར་གོང་གི་གཟའ་འཁོར་གཉིས་ཀྱི་ནང་སྨན་པས་ཕྲུ་གུ་སྐྱེ་ཁག་པོ་ཡོང་མིན་ལ་བརྟག་དཔྱད་བྱེད་ཐུབ་པ་དང་། གལ་སྲིད་ཕྲུ་གུ་སྐྱེ་ཁག་པོ་བྱུང་ཚེ་སྦྲུམ་མ་དང་ཕྲུ་གུར་ཤུགས་རྐྱེན་ཇི་འདྲ་ཐེབས་མིན་དང་དེ་བཞིན་གཤགས་བཅོས་བྱས་ནས་ཕྲུ་གུ་རང་བཞིན་ངང་སྐྱེ་དགོས་མིན་སོགས་ཤེས་ཀྱི་ཡོད་པས། སྨན་པས་སྦྲུམ་མ་དང་ནང་མིར་སྨན་བཅོས་ཀྱི་བསམ་འཆར་འདོན་སྐབས་སྦྲུམ་མ་དང་ནང་མིས་ཕྱོགས་ཡོངས་ནས་གྲ་སྒྲིག་ཡག་པོ་བྱེད་དགོས། སྔོན་དཔག་ཡང་དག་དང་སྨན་པ་དང་གཞོགས་འདེགས་ཡག་པོ་བྱུང་ཚེ་སྤྱིར་ཕྲུ་གུ་སྐྱེ་ཁག་པའི་གནས་ཚུལ་དུས་ཐོག་ཏུ་ཐག་གཅོད་ཐུབ་པ་མ་ཟད་མ་བུ་བདེ་གྲོལ་ཡོང་ཐུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1